ཀྲུང་གོ་བོད་ཀྱི་དྲ་བ།

ཨར་ཅི་རི་ཡཱ་དང་ཐུ་ནི་ཞི་ཡཱའི་དཔོན་རིགས་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུ་ནི་ཞི་ཡཱའི་ནང་སྲིད་བློན་ཆེན་པུའུ་ལཱ་ཨང་གིས་ཚེས་བདུན་ཉིན་ཨར་ཅི་རི་ཡཱ་ལ་འཚམས་འདྲི་བྱས་པ་དང་། ཨར་ཅི་རི་ཡཱའི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་ལ་གྲོས་བསྡུར་བྱས།

ཨར་ཅི་རི་ཡཱའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། པུའུ་ལཱ་ཨང་གིས་ཉིན་དེར་ཨར་ཅི་རི་ཡཱའི་ནང་སྲིད་བློན་ཆེན་པེ་ཏི་ཝེ་དང་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཕྱོགས་གཉིས་ཀྱིས་བདེ་འཇགས་ཐད་ནས་མཉམ་ལས་གང་ལེགས་བྱེད་བཞིན་ཡོད་པ་དང་། ཁོས་ཐེངས་འདིའི་འཚམས་འདྲི་ནི་མཉམ་ལས་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་སྲ་བརྟན་དུ་གཏོང་བའི་ཆེད་དུ་ཡིན་ཟེར།

པེ་ཏི་ཝེ་ཡིས་བསྟན་དོན། ཐེངས་འདིའི་གྲོས་མོལ་རྒྱལ་ཁབ་གཉིས་ཀྱིས་བདེ་འཇགས་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཐད་ཀྱི་བརྡ་འཕྲིན་བརྗེ་རེས་ལ་ཤུགས་སྣོན་པར་ཕན་ཐོགས་ཡོད་ཟེར།

འཇིགས་སྐུལ་ཉེས་ཅན་གྱིས་མཱ་ཀི་ལི་པུའུ་དང་སཱ་ཧི་ལེ་ས་ཁུལ་དུ་འགུལ་སྐྱོད་བྱེད་པར་སྔོན་འགོག་བྱེད་ཆེད། ཨར་ཅི་རི་ཡཱ་དང་ཐུ་ནི་ཞི་ཡཱ་ཡིས་ཉེ་བའི་ལོ་འགའི་རིང་གསང་འཕྲིན་དང་དམག་དོན་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། མཐའ་མཚམས་ས་ཁུལ་ནས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དམག་དོན་འགུལ་སྐྱོད་ཐེངས་འགའ་སྤེལ་བ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།