ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་ཙུང་ལི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་རོགས་སྐྱོར་ལས་ཁུངས་མེད་པར་གཏོང་དགོས་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་བདུན་ཉིན་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཕཱ་ལེ་སི་ཐན་ལ་དཔལ་འབྱོར་རོགས་སྐྱོར་བྱེད་མཚམས་འཇོག་རྒྱུའི་འཇིགས་སྐུལ་བྱས་པར་དམིགས་ཏེ། ས་ཁུལ་དེའི་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་གནད་དོན་གྱི་འགན་ཁུར་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་རྒུད་སྐྱོབ་དང་བཟོ་སྐྲུན་ཁྲུའུ་མེད་པར་གཏོང་དགོས་ཟེར།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་ནེ་ཀིའི་རྒྱུན་ལྡན་གྱི་ཚོགས་འདུའི་སྟེང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་གནད་དོན་ཐད་ཆེད་དུ་ལས་ཁུངས་དེ་བཙུགས་པ་ནི་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བའི་གནད་དོན་དུས་ཡུན་རིང་བོར་གནས་པའི་རྒྱུ་རྐྱེན་ཡིན་ཟེར། ཁོས་ད་རུང་ལས་ཁུངས་དེ་ཕཱ་ལེ་སི་ཐན་གྱི་ཡུལ་གྱར་བར་རོགས་སྐྱོར་དངུལ་རྩ་འདོན་པའི་ལས་གཞི་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་གྱི་མཐོ་རིམ་ཆེད་དོན་པའི་དོན་གཅོད་ཁང་དུ་བསྒྱུར་དགོས་པའི་གྲོས་གཞི་བཏོན།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།