ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་དང་ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་གྱིས་གྲོས་མོལ་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་ཞི་འཇགས་སུ་གཏོང་བར་འཚོལ་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཅཱ་པུའུ་ལི་ཨར་གྱིས་ཚེས་དྲུག་ཉིན་འཇར་མན་ནུབ་ཕྱོགས་ཀྱི་ཀི་སི་ལཱ་ཨར་ནས་ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་ལ་ཐུག་འཕྲད་བྱས། ཕྱོགས་གཉིས་ཀྱིས་གྲོས་མོལ་ལ་བརྟེན་ནས་འགལ་བ་ཐག་གཅོད་བྱེད་རྒྱུའི་རེ་བ་བཏོན། དེ་ནི་འཇར་མན་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་ཞི་འཇགས་སུ་གཏོང་བའི་ཐད་འབད་འབུངས་བྱེད་པའི་བྱ་སྤྱོད་གཞན་ཞིག་རེད།

ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ཕྱོགས་གཉིས་ཀྱིས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། འཇར་མན་དང་ཐུར་ཁེ་ཕྱོགས་གཉིས་ཀྱིས་གྲོས་མོལ་ལ་བརྟེན་ནས་མིག་སྔའི་ཛ་དྲག་གི་འབྲེལ་བ་དང་འགལ་བ་ཐག་གཅོད་བྱེད་པར་འཐད་པ་བྱུང་ཟེར། ཁོས་ད་རུང་བསྟན་དོན། ཐུར་ཁེ་ཡང་བསྐྱར་ཡོ་རོབ་གླིང་མནའ་འབྲེལ་གྱི་སྒོ་ཁྲལ་མནའ་འབྲེལ་ནང་ཞུགས་འདོད་ཡོད་ཟེར།

ཅཱ་པུའུ་ལི་ཨར་གྱིས་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་འཇར་མན་དང་ཐུར་ཁེའི་མཉམ་འབྲེལ་དཔལ་འབྱོར་ཨུ་ཡོན་ལྷན་ཁང་སླར་གསོ་བྱེད་རྒྱུ་ཁྱབ་སྒྲོག་བྱས། ཨུ་ཡོན་ལྷན་ཁང་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་སྡུག་ཏུ་སོང་རྗེས་བྱ་བའི་ལས་མཚམས་བཞག་པ་རེད། ཅཱ་པུའུ་ལི་ཨར་གྱིས་ད་རུང་ཕྱོགས་གཉིས་ཀྱིས་གང་ནུས་ཅི་ལྕོགས་ཀྱིས་འབད་བརྩོན་བྱས་ཏེ་མ་འོངས་པར་ཐུན་མོང་གི་གནད་སྔར་ལས་མང་བོ་འཚོལ་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།