ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་ཅིན་ཀྲིན་ཨིན་དང་མཉམ་དུ་ཆ་རྐྱེན་ཡོད་པའི་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་དྲུག་ཉིན་བཤད་རྒྱུར། ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་བར་ཆ་རྐྱེན་ཡོད་པའི་གྲོས་མོལ་སྤེལ་འདོད་ཡོད་ཟེར། ཁོས་བསྟན་དོན། ཧན་གོ་དང་ཁྲའོ་ཞན་རྒྱལ་ཁབ་གཉིས་ཀྱིས་ཚེས་དགུའི་ཉིན་སྤེལ་རྒྱུ་ཡིན་པའི་གྲོས་མོལ་དེ་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཁྱབ་ཁོངས་ལས་བརྒལ་ཐུབ་པར་རེ་བ་བཅངས་ཡོད་ཟེར།

ཐི་ལིང་ཕུའུ་ཡིས་ཉིན་དེར་ཨ་མེ་རི་ཁའི་མཱ་ལི་ལན་ཀྲིག་ཏའེ་ཝེ་སྒར་ས་ནས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཁོས་ཅིན་ཀྲིན་ཨིན་ལ་ཁ་པར་བཏང་སྟེ་གྲོས་མོལ་ལ་སྒོ་འབྱེད་ཀྱི་རྣམ་འགྱུར་བཟུང་ཡོད་པའི་ཚུལ་བསྟན་ཡང་། དེར་སྔོན་འགྲོའི་ཆ་རྐྱེན་མེད་པ་མིན་ལ། ཨ་མེ་རི་ཁས་ཁྲའོ་ཞན་ལ་བཟུང་བའི་ལངས་ཕྱོགས་ཧ་ཅང་བརྟན་པོ་ཡིན་ཟེར།

ཧན་གོ་དང་ཁྲའོ་ཞན་གྱིས་ཚེས་དགུའི་ཉིན་གྲོས་མོལ་བྱེད་རྒྱུ་ཐག་བཅད་པའི་གནས་ཚུལ་གླེང་སྐབས་ཐི་ལིང་ཕུའུ་ཡིས་བཤད་རྒྱུར། གྲོས་མོལ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། གྲོས་མོལ་གྱི་ནང་དོན་དེ་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཁྱབ་ཁོངས་ལས་བརྒལ་ཐུབ་པར་རེ་བས་ཁེངས་ཡོད་ཟེར།

ཧན་གོའི་གཅིག་གྱུར་པུའུ་ཡིས་ཚེས་ལྔ་ཉིན་ཁས་ལེན་བྱས་དོན། ཁྲའོ་ཞན་གྱིས་ཚེས་དགུའི་ཉིན་པན་མིན་མགྲོན་ཁང་གི་ཧན་གོའི་ཕྱོགས་ཀྱི་ཞི་བདེའི་གཞིས་ཁྱིམ་ནས་ཧན་གོ་དང་ཁྲའོ་ཞན་གྱི་མཐོ་རིམ་གྲོས་མོལ་སྤེལ་བར་འཐད་པ་བྱུང་ཡོད་པ་དང་། གྲོས་མོལ་ནས་ཧན་གོའི་ཕེན་ཁྲང་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ལ་ཞུགས་པའི་གནད་དོན་དང་བཅས་པའི་ཧན་གོ་དང་ཁྲའོ་ཞན་གྱི་འབྲེལ་བ་ལེགས་བཅོས་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།