ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡིས་དབྱི་རག་བྱང་ཕྱོགས་ས་ཁུལ་དུ་བར་སྣང་འཇབ་རྒོལ་བྱས་ཏེ་ཁུའུ་ཨར་ཏིའི་དྲག་ཆས་མི་སྣ་དྲུག་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་དྲག་ཆས་དམག་དཔུང་གི་སྤྱི་ཁྱབ་ཇུས་འདོན་པུའུ་ཡིས་ཚེས་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཐུར་ཁེའི་མཁའ་དམག་གིས་ཉིན་དེར་དབྱི་རག་མངའ་ཁོངས་ཀྱི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་མི་སྣ་དྲུག་བསད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་བར་སྣང་འཇབ་རྒོལ་གྱི་དམིགས་འབེན་གཙོ་བོ་ནི་དབྱི་རག་བྱང་ཕྱོགས་ཀྱི་ཁཱ་ནེ་ལེ་ཧྲི་གྲོང་རྡལ་ཡིན་པ་དང་། སྐབས་ཐོག་དེར་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་མི་སྣས་ཐུར་ཁེའི་དམག་དོན་རྟེན་གཞི་དང་ཞིབ་བཤེར་ས་ཚིགས་ལ་འཇབ་རྒོལ་བྱེད་རྩིས་ཡོད་ཟེར།

ཁུའུ་ཨར་ཏི་བཟོ་བའི་ཏང་དེ་གཅིག་སྟོང་དགུ་བརྒྱ་དོན་དགུའི་ལོར་བཙུགས་པ་དང་། དྲག་ཤུགས་ལ་བརྟེན་ནས་ཐུར་ཁེ་དང་དབྱི་རག དབྱི་ལིང་། སི་རི་ཡཱ་བཅས་ཀྱི་འབྲེལ་མཚམས་ཀྱི་ཁུའུ་ཨར་ཏི་བའི་འདུས་སྡོད་ས་ཁུལ་དུ་སྒེར་ཚུགས་ཀྱི་རྒྱལ་ཁབ་འཛུགས་པར་འཚོལ་ཞིབ་བྱེད་བཞིན་ཡོད། རྩ་འཛུགས་དེའི་དྲག་ཆས་མི་སྣ་མང་ཆེ་བ་ད་ལྟ་དབྱི་རག་དང་སི་རི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་འདུས་ཡོད་ལ། དུས་རྒྱུན་ཐུར་ཁེའི་མངའ་ཁོངས་སུ་སོང་ནས་འཇབ་རྒོལ་དོན་རྐྱེན་བཟོ་བཞིན་ཡོད། རྩ་འཛུགས་དེ་ཐུར་ཁེ་དང་ཨ་མེ་རི་ཁ། ཡོ་རོབ་གླིང་མནའ་འབྲེལ་བཅས་ཀྱིས་འཇིགས་སྐུལ་རྩ་འཛུགས་ཀྱི་གྲས་སུ་བཞག་ཡོད།

ཐུར་ཁེ་ཡིས་ཉེ་བའི་ལོ་འགའི་རིང་དབྱི་རག་མངའ་ཁོངས་ཀྱི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དམིགས་འབེན་ལ་བར་སྣང་འཇབ་རྒོལ་ཐེངས་མང་བྱས་མྱོང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།