ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་ནུབ་བྱང་ཕྱོགས་ནས་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་ཉི་ཤུ་ལྷག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   སི་རི་ཡཱའི་ནུབ་བྱང་ཕྱོགས་ཀྱི་དབྱེ་ཏི་ལེ་པུའུ་ཞིང་ཆེན་ནས་ཚེས་བདུན་ཉིན་གྱི་དགོང་མོར་རླངས་འཁོར་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་ཉི་ཤུ་ལྷག་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་ཕྲག་འགར་རྨས་ཕོག

བསྒྲགས་པ་ལྟར་ན། འགད་རྫས་ཏུན་འགའ་དྲུད་ཡོད་པའི་རླངས་འཁོར་ཞིག་དབྱེ་ཏི་ལེ་པུའུ་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་དབྱེ་ཏི་ལེ་པུའུ་གྲོང་ཁྱེར་གྱི་སཱ་ལཱ་ཞིན་སྲང་ལམ་གྱི་ཚོང་ཁང་ཞིག་གི་སྒོ་ཁར་འགས་གཏོར་བྱུང་བ་རེད། འགས་གཏོར་བྱུང་སའི་ཡུལ་དངོས་ནས་མེ་སྐྱོན་ཆེན་པོ་བྱུང་བ་དང་། ཉེ་འདབས་སུ་དུས་ངེས་མེད་དུ་མེ་མདའི་སྒྲ་གྲགས་བཞིན་ཡོད་ལ། མྱུར་སྐྱོབ་རླངས་འཁོར་དང་རྒུད་སྐྱོབ་རུ་དཔུང་མྱུར་མོར་ཡུལ་དངོས་སུ་འབྱོར་ནས་རྒུད་སྐྱོབ་བྱས།

བསྒྲགས་པ་ལྟར་ན། འགས་གཏོར་བྱུང་ས་དེ་ནི་ཀའོ་ཅཱ་སོ་དམག་དཔུང་ཞེས་པའི་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་རྩ་འཛུགས་ཀྱི་སྡོད་གནས་དང་ཉེ་བས། དྲག་ཆས་མི་སྣ་དང་ཁྱིམ་མི་མང་བོར་ཤི་རྨས་ཐེབས་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།