ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་དང་ཧྥ་རན་སིའི་ཙུང་ཐུང་གིས་ཁ་པར་བརྒྱུད་དེ་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཚེས་བདུན་ཉིན་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གཉིས་ཀྱིས་ཚེས་དྲུག་ཉིན་ཁ་པར་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་འཆར་གཞི་དང་ཁྲའོ་ཞན་ཕྱེད་གླིང་ལ་འབྲེལ་བའི་གནད་དོན་གཞན་པའི་ཐད་ནས་གྲོས་བསྡུར་བྱས་ཟེར། ཕོ་བྲང་དཀར་པོས་གསལ་སྒྲོག་ནང་བཤད་རྒྱུར། ཐི་ལིང་ཕུའུ་ཡིས་ཁ་པར་གཏོང་སྐབས་མཱ་ཁི་ལུང་ལ་ཁྲའོ་ཞན་ཕྱེད་གླིང་གི་གནས་བབ་ཀྱི་གནས་ཚུལ་གསར་བཤད་པ་དང་། ཨ་མེ་རི་ཁ་དང་ཧན་གོ། དེ་མིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་གཏན་ནས་མེད་པ་མངོན་འགྱུར་བྱེད་པའི་ཆོད་སེམས་ནན་བཤད་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།