ཀྲུང་གོ་བོད་ཀྱི་དྲ་བ།

སེ་ནེ་ཀལ་གྱིས་རྒྱལ་ཡོངས་ནས་ཁ་བྲལ་ཉེས་ཅན་གྱིས་དམར་གསོད་བཏང་བའི་འདས་པོར་མྱ་ངན་ཞུ་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སེ་ནེ་ཀལ་གྱི་ཙུང་ཐུང་སཱ་ལེ་ཡིས་ཚེས་བདུན་ཉིན་གྱི་དགོང་མོར་ཚེས་བརྒྱད་དང་ཚེས་དགུའི་ཉིན་རྒྱལ་ཡོངས་ནས་མྱ་ངན་བྱ་འགུལ་སྤེལ་ཏེ། རྒྱལ་ཁབ་དེའི་ལྷོ་ཕྱོགས་ཀྱི་ཁཱ་སཱ་མང་སི་ས་ཁུལ་ནས་ཁ་བྲལ་ཉེས་ཅན་གྱིས་དམར་གསོད་བཏང་བའི་འདས་པོ་བཅུ་གསུམ་ལ་མྱ་ངན་ཞུ་དགོས་པ་ཁྱབ་སྒྲོག་བྱས།

སེ་ནེ་ཀལ་སྲིད་གཞུང་གིས་སྤེལ་བའི་སྤྱི་སྒྲོག་ལྟར་ན། མྱ་ངན་ཞུ་བའི་སྐབས་སུ། རྒྱལ་ཡོངས་ནས་དར་ཆ་ཕྱེད་ཙམ་མར་ཕབ་དགོས་པ་དང་། དཔོན་ཕྱོགས་ཀྱི་མཛད་སྒོ་ཚང་མ་མ་སྤེལ་གོང་མྱ་ངན་ཞུ་དགོས་ལ། རྒྱལ་ཡོངས་ནས་འདུ་ཚོགས་དང་རོལ་རྩེད་བྱ་འགུལ་སྣ་ཚོགས་གཏན་འགོག་བྱེད་རྒྱུ་རེད།

སྤྱི་སྒྲོག་ལས་ད་རུང་བཤད་རྒྱུར། སེ་ནེ་ཀལ་སྲིད་གཞུང་གིས་སྟོབས་ཤུགས་ཡོད་ཚད་བཏོན་ནས་ལག་དམར་འཛིན་བཟུང་བྱེད་པར་བརྩོན་བཞིན་ཡོད་ཟེར།

སེ་ནེ་ཀལ་སྲིད་གཞུང་གིས་ད་རུང་ཁཱ་སཱ་མང་སི་ས་ཁུལ་དུ་འཐུས་ཚབ་ཚོགས་པ་ཞིག་མངག་ནས་ས་དེའི་བདེ་འཇགས་གནས་བབ་ལ་དཔྱད་འཇོག་བྱེད་དུ་བཅུག་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།