ཨ་ཧྥུའུ་ཧན་གྱི་བདེ་འཇགས་སྡེ་ཁག་གིས་ཐཱ་ལེ་པན་གྱི་ཨ་ཧྥུའུ་ཧན་ཤར་ལྷོའི་ཕྱོགས་ཀྱི་མགོ་བ་གསུམ་འཛིན་བཟུང་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་ནང་སྲིད་པུའུ་ཡིས་ཚེས་དགུའི་ཉིན་གསལ་སྒྲོག་ཅིག་སྤེལ་ཏེ། ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་གྱི་ཤར་ལྷོ་ཕྱོགས་ཀྱི་ཕཱ་ཁི་ཐིས་ཁཱ་ཞིང་ཆེན་གྱི་མགོ་བ་གསུམ་བདེ་འཇགས་སྡེ་ཁག་གིས་འཛིན་བཟུང་བྱས་པ་བདེན་དཔང་བྱས།

གསལ་སྒྲོག་ལས་བཤད་རྒྱུར། མི་དེ་གསུམ་ནི་ཚེས་བརྒྱད་ཉིན་ཞིང་ཆེན་དེའི་ཤར་ལྷོའི་ཕྱོགས་ཀྱི་མཐའ་མཚམས་ས་ཁུལ་ནས་འཛིན་བཟུང་བྱས་པ་དང་། བདེ་འཇགས་སྡེ་ཁག་གིས་ཞོར་དུ་མཚོན་ཆ་སྐོར་ཞིག་གཞུང་བཞེས་བྱས་ཡོད། མི་དེ་གསུམ་ནི་ཐཱ་ལེ་པན་གྱི་ཕཱ་ཁི་ཐིས་ཁཱ་ཞིང་ཆེན་དུ་ཡོད་པའི་འཇིགས་སྐུལ་བྱ་འགུལ་ལ་ཇུས་འགོད་དང་རྩ་འཛུགས་བྱེད་པའི་མགོ་བ་གཙོ་བོ་གསུམ་རེད་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།