ཨན་པའེ་ཅིན་སན་གྱིས་འཇར་པན་གྱིས་བརྒྱུད་གཅིག་ལམ་གཅིག་གི་མཉམ་ལས་གནད་དོན་ཐག་གཅོད་བཟང་བོ་བྱེད་རྒྱུའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས་བཅུའི་ཉིན་བསྟན་དོན། འཇར་པན་གྱིས་ཀྲུང་གོའི་བརྒྱུད་གཅིག་ལམ་གཅིག་གི་འདོད་བློ་དང་འབྲེལ་བའི་བྱེ་བྲག་གི་མཉམ་ལས་གནད་དོན་ཐག་གཅོད་བཟང་བོ་བྱེད་རྒྱུ་ཡིན་ཟེར།

ཉིན་དེའི་ཕྱི་དྲོར། ཨན་པའེ་ཅིན་སན་གྱིས་དབུ་བཞུགས་བློན་ཆེན་གྱི་བཞུགས་ཤག་ནས་འཇར་པན་རང་དབང་དམངས་གཙོ་ཏང་གི་ལས་འཛིན་པ་ཨར་ཅེ་ཅོན་པའོ་དང་ཀུང་མེན་ཏང་གི་ལས་འཛིན་པ་ཅིན་ཧྲང་དབྱེ་ཅིག་གཉིས་ན་ནིང་ལོ་མཇུག་ལ་འཇར་པན་དང་ཀྲུང་གོའི་སྲིད་འཛིན་ཏང་གི་བརྗེ་རེས་རྐྱེན་སྲོལ་གྱི་གྲོས་ཚོགས་ལ་ཞུགས་པའི་གནས་ཚུལ་སྙན་ཞུ་བྱས་པར་ཉན་པར་མ་ཟད། གོང་གི་བསམ་ཚུལ་དེ་བསྟན་པ་རེད།

ཨན་པའེ་ཅིན་སན་གྱིས་བརྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་གླེང་སྐབས་བཤད་རྒྱུར། ཀྲུང་གོར་འཐུས་སྒོ་ཚང་བའི་ཉམས་མྱོང་ཡོད་པ་དང་། འཇར་པན་གྱིས་ཐག་གཅོད་བྱེད་ཐུབ་པའི་མཉམ་ལས་གནད་དོན་ཐད་ནས་འཇར་པན་གྱིས་བྱ་བ་གང་ལེགས་སྒོས་སྤེལ་སྲིད་ཟེར།

ལས་འཛིན་པ་གཉིས་ཀྱིས་ད་རུང་ཨན་པའེ་ཅིན་སན་ལ་གྲོས་གཞི་བཏོན་ཏེ། འཇར་པན་དང་ཀྲུང་གོའི་འབྲེལ་བ་ལེགས་བཅོས་བྱེད་པའི་གོ་སྐབས་བཟང་བོ་དེ་ཤོར་དུ་མི་འཇུག་པར། ཧུར་ཐག་སྒོས་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་དཔོན་པོས་ཕན་ཚུན་འཚམས་འདྲི་བྱེད་པ་མངོན་འགྱུར་བྱེད་དགོས་ཟེར། ཨན་པའེ་ཅིན་སན་གྱིས་བསྟན་དོན། འཇར་པན་སྲིད་གཞུང་གིས་ཧུར་ཐག་སྒོས་འཇར་པན་དང་ཀྲུང་གོའི་མགོ་ཁྲིད་པའི་བར་གྱི་བརྗེ་རེས་མངོན་འགྱུར་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།