ཀྲུང་གོ་བོད་ཀྱི་དྲ་བ།

སོ་ཏི་ཨ་རབ་ཀྱི་མཁའ་སྲུང་དམག་དཔུང་གིས་ཡེ་མིན་ནས་གཏོང་འཕེན་བྱས་པའི་འཕུར་མདའ་བཀག་འགོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་ཏི་ཨ་རབ་ཀྱི་མཁའ་སྲུང་དམག་དཔུང་གིས་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་ཁྱབ་སྒྲོག་བྱས་དོན། ཉིན་དེར་ལྷོ་ཕྱོགས་ཀྱི་ནེ་ཅི་ལན་ཞིང་ཆེན་གྱི་བར་སྣང་ནས་ཡེ་མིན་ནས་གཏོང་འཕེན་བྱས་པའི་འཕུར་མདའ་ཞིག་བཀག་པ་དང་། འཕུར་མདའི་ཆག་རོ་སར་ལྷུང་རྗེས་མི་སྣར་ཤི་རྨས་བཟོས་མེད་ཟེར། དེའི་སྔོན་སོ་ཏི་ཨ་རབ་གཙོ་བྱས་པའི་རྒྱལ་ཁབ་མང་བོའི་མཉམ་འབྲེལ་དམག་དཔུང་གི་དམག་སྤྱི་ཁང་གིས་བསྟན་དོན། ཡེ་མིན་གྱི་ནང་འཁྲུག་བྱུང་རྗེས། ཡེ་མིན་གྱི་མངའ་ཁོངས་ནས་སོ་ཏི་ཨ་རབ་ལ་ཉུང་མཐར་ཡང་འཕུར་མདའ་བརྒྱ་དང་ལྔ་བཅུ་ལྷག་གཏོང་འཕེན་བྱས་པ་དང་། དེའི་ནང་མང་ཆེ་བ་བདེ་བླག་ངང་འགོག་ཐུབ་པ་བྱུང་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།