འཇར་མན་གྱིས་ནེ་ཀི་རྩ་འཛུགས་བྱེད་པའི་ཚོད་ལྟའི་རང་བཞིན་གྱི་གྲོས་མོལ་ཕྱོགས་ཁག་སོ་སོས་གཅིག་གྱུར་གྲོས་མཐུན་བཀོད།

1月12日,在德国首都柏林的社民党总部,德国总理、基民盟主席默克尔(中)和社民党主席舒尔茨(右)在新闻发布会后握手。.j

ཟླ་དང་པོའི་ཚེས་བཅུ་གཉིས་ཉིན། འཇར་པན་གྱི་རྒྱལ་ས་པའོ་ལིན་དུ་ཡོད་པའི་སྤྱི་ཚོགས་དམངས་གཙོ་ཏང་གི་སྤྱི་ཁྱབ་པུའུ་ནས། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་སྤྱི་ཚོགས་དམངས་གཙོ་ཏང་གི་ཀྲུའུ་ཞི་ཧྲུའུ་ཨར་ཚི་གཉིས་ཀྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་གྲོལ་རྗེས་ལག་འཇུ་བྱེད་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་མན་མནའ་འབྲེལ་ཏང་དང་སྤྱི་ཚོགས་དམངས་གཙོ་ཏང་གིས་ནེ་ཀིའི་རྩ་འཛུགས་གནད་དོན་ཐད་ནས་ཚོད་ལྟའི་རང་བཞིན་གྱི་གྲོས་མོལ་བྱས་པར་ཚེས་བཅུ་གཉིས་ཉིན་གཅིག་གྱུར་གྲོས་མཐུན་བྱུང་བར་མ་ཟད། ཚོད་ལྟའི་རང་བཞིན་གྱི་གྲོས་མོལ་གྱི་མཇུག་མཐའི་གྲུབ་འབྲས་ཡིག་ཆ་ཁྱབ་སྒྲོག་བྱས།

ཕྱོགས་གཉིས་ཀྱིས་ཚེས་བཅུ་གཅིག་ཉིན་ནས་བཟུང་མགོ་བརྩམས་པའི་ཆེས་མཇུག་མཐའི་གྲོས་མོལ་དེ་ཚེས་བཅུ་གཉིས་ཉིན་མཇུག་སྒྲིལ། ཕྱོགས་གཉིས་ཀྱིས་རང་རང་གིས་བཏོན་པའི་འདོད་བློ་ཚང་མར་བཅོས་བསྒྱུར་ངེས་ཅན་བྱས། མནའ་འབྲེལ་ཏང་དང་སྤྱི་ཚོགས་དམངས་གཙོ་ཏང་གི་མགོ་ཁྲིད་པས་ཏང་ཁག་རང་རང་གི་ཁོངས་མི་འཐད་པ་ཡིན་པའི་རྨང་གཞིའི་སྟེང་དངོས་གཞིའི་ནེ་ཀིའི་རྩ་འཛུགས་ལ་གྲོས་མོལ་བྱེད་རྒྱུའི་གྲོས་གཞི་བཏོན་ཡང་། སྤྱི་ཚོགས་དམངས་གཙོ་ཏང་གིས་ད་རུང་ཏང་གི་འཐུས་མིའི་གྲོས་ཚོགས་བསྡུས་ཏེ་དོན་དེར་ཐག་གཅོད་བྱས།

ཕྱོགས་སོ་སོས་གནས་སྤོར་སྡོད་དམངས་དང་ཡུལ་གྱར་བའི་སྲིད་ཇུས་དང་ནོར་སྲིད་སྲིད་ཇུས་ཐད་ནས་ཡུན་རིང་ལ་གྲོས་བསྡུར་བྱས། མཇུག་མཐའི་གྲུབ་འབྲས་ཀྱི་ཡིག་ཆ་ལྟར་ན། ཕྱོགས་གཉིས་ཀྱིས་ལོ་རེར་འཇར་མན་གྱིས་དང་ལེན་བྱེད་པའི་ཡུལ་གྱར་བའི་ཁ་གྲངས་དེ་འབུམ་གཅིག་དང་ཁྲི་བརྒྱ་ནས་འབུམ་གཉིས་དང་ཁྲི་གཉིས་ཀྱི་མན་དུ་ཚོད་འཛིན་བྱེད་པར་འཐད་པ་བྱུང་། དེ་ལས་ཡུལ་གྱར་བ་སྐོར་ཞིག་འཇར་མན་དུ་ལྷན་འཛོམས་བྱེད་པའི་ཁེ་དབང་ལའང་ཚོད་འཛིན་ནན་མོ་ཐེབས་ཡོད་ལ། ཡུལ་གྱར་བ་དང་ལེན་བྱེད་པའི་ཚད་སྔར་ལས་ནན་མོ་རེད།
དེ་ལས་གཞན་ཕྱོགས་གཉིས་ཀྱིས་ཡོ་རོབ་གླིང་གི་གཞི་གཅིག་ཅན་གྱི་འཕེལ་རིམ་གྱི་རྒྱབ་སྐྱོར་ལ་ཤུགས་སྣོན་བྱེད་པར་འཐད་པ་བྱུང་།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།