ཀྲུང་གོ་བོད་ཀྱི་དྲ་བ།

ཁུན་ནེ་ཡཱའི་ཤར་ཕྱོགས་ས་ཁུལ་ནས་འགྲུལ་སྐྱེལ་རླངས་འཁོར་རུ་ཁག་ལ་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་མི་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁུན་ནེ་ཡཱའི་ནང་སྲིད་པུའུ་ཡི་དཔོན་རིགས་ཀྱིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། དྲག་ཆས་ཉེས་ཅན་སྐོར་ཞིག་གིས་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོར་ཁུན་ནེ་ཡཱའི་ཤར་ཕྱོགས་ཀྱི་ལཱ་མུའུ་རྫོང་ནས་འགྲུལ་སྐྱེལ་རླངས་འཁོར་རུ་ཁག་ཅིག་ལ་འཇབ་རྒོལ་བྱས་ཏེ། མི་སེར་དཀྱུས་མ་གཅིག་ཉེན་རྟོག་ཕྱོགས་དང་དྲག་ཆས་ཉེས་ཅན་གྱི་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་ཟེར།

ཁུན་ནེ་ཡཱའི་ནང་སྲིད་པུའུ་ཡི་མགྲིན་ཚབ་པ་ཨིན་ཆའོ་ཁཱ་ཡིས་བཤད་རྒྱུར། ཉེན་རྟོག་པས་འགེབས་སྲུང་བྱེད་པའི་འགྲུལ་སྐྱེལ་རླངས་འཁོར་རུ་ཁག་དེ་ལཱ་མུའུ་རྫོང་ནས་ཤར་ཕྱོགས་ཀྱི་མིན་པཱ་སཱ་གྲོང་ཁྱེར་དུ་བགྲོད་རྩིས་ཡོད་ལ། སྔ་དྲོའི་དུས་ཚོད་བཅུ་གཅིག་ཡས་མས་སུ་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་པ་རེད།

ཨིན་ཆའོ་ཁཱ་ཡིས་བཤད་རྒྱུར། མི་སེར་དཀྱུས་མ་གཅིག་འཁྲུག་རྩོད་ཁྲོད་རྐྱེན་ལམ་དུ་ཤོར་ཡང་མིག་སྔར་དྲག་ཆས་ཉེས་ཅན་ག་ཚོད་འཁྲུག་རྩོད་ཁྲོད་བསད་པའམ་རྨས་ཡོད་པ་གསལ་བོར་མི་ཤེས་ཟེར།

མིག་སྔར་རྩ་འཛུགས་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།