ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་མེ་རི་ཁས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་གཏོར་བརླག་བྱེད་པའི་གཡོ་ཇུས་ནི་ངལ་བ་འབྲས་མེད་ཡིན་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བཅུ་གཉིས་ཉིན་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ཐད་ནས་སྤེལ་བའི་གསལ་སྒྲོག་གསར་བར་དམིགས་ཏེ། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་ཚེས་བཅུ་གཉིས་ཉིན་གྱི་ནམ་གུང་དྲ་བའི་སྟེང་རྩོམ་ཡིག་སྤེལ་ནས། ཨ་མེ་རི་ཁས་བརྟན་བརླིང་གི་ཕྱོགས་མང་གྲོས་མཐུན་ལ་གཏོར་བརླག་བྱེད་པའི་གཡོ་ཇུས་ནི་ངལ་བ་འབྲས་མེད་ཡིན་ཟེར།

ཀྲ་ལི་ཧྥུའུ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། ཐི་ལིང་ཕུའུ་ཡི་སྲིད་ཇུས་དང་དེ་རིང་གི་གསལ་སྒྲོག་ལས་བདེན་དཔང་བྱུང་བ་ལྟར་ན། བརྟན་བརླིང་གི་ཕྱོགས་མང་གྲོས་མཐུན་ལ་གཏོར་བརླག་བྱེད་པའི་གཡོ་ཇུས་དང་། གྲོས་མཐུན་གྱི་ནང་དོན་དང་འགལ་བའི་བྱེད་ཐབས་ནི་ངལ་བ་འབྲས་མེད་ཡིན་ཟེར། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་ཡང་བསྐྱར་གྲོས་མོལ་བྱེད་མི་རུང་བ་དང་། ཨ་མེ་རི་ཁས་དབྱི་ལིང་དང་འདྲ་བར་གྲོས་མཐུན་དེ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་ཁས་ལེན་བྱེད་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།