ཀྲུང་གོ་བོད་ཀྱི་དྲ་བ།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འཐུས་ཚབ་ཚོགས་པས་ཨ་ཧྥུའུ་ཧན་དུ་འཚམས་འདྲི་བྱེད་པའི་བྱ་བ་མཇུག་སྒྲིལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅོ་ལྔ་ཉིན་ཨ་ཧྥུའུ་ཧན་ལ་དུས་ཡུན་ཉིན་གསུམ་གྱི་འཚམས་འདྲི་བྱེད་པའི་བྱ་བ་མཇུག་སྒྲིལ། དེ་ནི་ཉིས་སྟོང་བཅུ་ལོའི་ཚུན་ལ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཐོག་དང་པོར་འཐུས་ཚབ་ཚོགས་པ་མངག་ནས་ཨ་ཧྥུའུ་ཧན་ལ་འཚམས་འདྲི་བྱས་པ་རེད། ཐེངས་འདིའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་འཐུས་ཚབ་ཚོགས་པར་ཟླ་འདིའི་རེས་སྐོར་ཀྲུའུ་ཞི། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཧཱ་སག་སི་ཐན་གྱི་འཐུས་མི་ཝུའུ་མཱ་ལོ་ཧྥུའུ་ཡིས་སྣེ་ཁྲིད་ཡོད་པ་དང་། འཚམས་འདྲིའི་སྐབས་སུ་འཐུབ་ཚབ་ཚོགས་པས་ཨ་ཧྥུའུ་ཧན་གྱི་བདེ་འཇགས་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ། འདེམ་བསྐོ། བཅོས་བསྒྱུར། འཕེལ་རྒྱས། ས་ཁུལ་གྱི་མཉམ་ལས་སོགས་གནད་དོན་ཐད་ནས་ཕྱོགས་སོ་སོའི་བསམ་འཆར་ལ་ཉན་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།