ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་དང་ཧཱ་སག་སི་ཐན་གྱིས་འཇིགས་སྐུལ་ལ་ངོ་རྒོལ་དང་དཔལ་འབྱོར་ཉོ་ཚོང་སོགས་ཀྱི་མཉམ་ལས་ཇེ་དྲག་ཏུ་གཏོང་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བཅུ་དྲུག་ཉིན་ཕོ་བྲང་དཀར་པོ་ནས་འཚམས་འདྲིར་ཡོང་བའི་ཧཱ་སག་སི་ཐན་གྱི་ཙུང་ཐུང་ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་ལ་ཐུག་འཕྲད་བྱས། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཨ་མེ་རི་ཁ་དང་ཧཱ་སག་སི་ཐན་གྱིས་ཨེ་ཤ་ཡཱ་ལྷོ་མའི་འཇིགས་སྐུལ་ངོ་རྒོལ་དང་དཔལ་འབྱོར་ཉོ་ཚོང་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུའི་ཚུལ་བསྟན།

ཕོ་བྲང་དཀར་པོས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁ་དང་ཧཱ་སག་སི་ཐན་གྱི་འབྲེལ་བ་དེ་འཐབ་ཇུས་གྲོགས་པོའི་འབྲེལ་བར་གཏན་འཁེལ་བྱས། གསལ་སྒྲོག་ལས་བཤད་རྒྱུར། ཐི་ལིང་ཕུའུ་ཡིས་ཧཱ་སག་སི་ཐན་གྱིས་ཨ་མེ་རི་ཁའི་དམག་དཔུང་ལ་ཨ་ཧྥུའུ་ཧན་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ཁྲོད་འདོན་སྤྲོད་བྱས་པའི་དངོས་སྐྱེལ་གྱི་རྒྱབ་སྐྱོར་བྱས་པ་དང་མངའ་ཁོངས་བརྒལ་བའི་སྟབས་བདེ་བཟོས་པར་བཀའ་དྲིན་ཞུས། ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་ཡིས་བསྟན་དོན། མ་འོངས་པར་ཧཱ་སག་སི་ཐན་ཕྱོགས་ཀྱིས་མུ་མཐུད་དུ་ཨ་ཧྥུའུ་ཧན་ལ་མི་སེར་དཀྱུས་མའི་ལས་རིགས་གསོ་སྦྱོང་དང་བདེ་འཇགས་མི་སྣའི་གསོ་སྦྱོང་འདོན་སྤྲོད་བྱེད་རྒྱུ་མ་ཟད། ཨ་ཧྥུའུ་ཧན་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་ནང་ཞུགས་རྒྱུ་ཡིན་ཟེར།

ནཱ་ཀྲ་ཨར་པཱ་ཡེ་ཧྥུའུ་ཡིས་ཉིན་དེར་བསྡུས་པའི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཨ་མེ་རི་ཁ་ནི་ཧཱ་སག་སི་ཐན་གྱི་ཕྱི་དངུལ་གྱི་ཡོང་ཁུངས་གཙོ་བོ་ཡིན་ལ། ཨ་མེ་རི་ཁར་འཚམས་འདྲི་བྱེད་སྐབས་ཨ་མེ་རི་ཁ་དང་ཧཱ་སག་སི་ཐན་གྱིས་སྤྱིའི་རིན་ཐང་མེ་སྒོར་ཐེར་འབུམ་བདུན་དང་དུང་ཕྱུར་ལྔ་ཡིན་པའི་ཚོང་ལས་མཉམ་ལས་ལས་གཞི་ཉི་ཤུ་བཀོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།