ཀྲུང་གོ་བོད་ཀྱི་དྲ་བ།

ཧ་སག་སི་ཐན་གྱི་འགྲུལ་སྐྱེལ་རླངས་འཁོར་ཆེན་པོ་ཞིག་ལ་མེ་འབར་ནས་མི52རྐྱེན་ལམ་དུ་ཤོར་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2018-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༄༅།།ཧ་སག་སི་ཐན་གྱི་འགྲུལ་སྐྱེལ་རླངས་འཁོར་ཆེན་པོ་ཞིག་ལ་མེ་འབར་ནས་མི་52རྐྱེན་ལམ་དུ་ཤོར་བ།

     ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཟླ1ཚེས18ཉིན། ཧ་སག་སི་ཐན་ནས་ཨུ་རུ་སུ་རུ་སྐྱོད་པའི་འགྲུལ་སྐྱེལ་རླངས་འཁོར་ཆེན་པོ་ཞིག་ཧ་སག་སི་ཐན་ནུབ་རྒྱུད་ཀྱི་ཨ་ཁེ་ཅིའུ་པིན་སི་ཁེ་མངའ་སྡེའི་ཁོངས་སུ་མེ་འབར་བས། རླངས་འཁོར་ནང་གི་མི་52རྐྱེན་ལམ་དུ་ཤོར་བ་རེད།
     ཧ་སག་སི་ཐན་གྱི་ནང་སྲིད་པུའུ་ཛ་དྲག་ཆེ་བའི་གནས་ཚུལ་ཨུ་ཡོན་ལྷན་ཁང་གི་གཏམ་བཤད་པ་དབྱི་མན་ཁུ་ལུའོ་ཧྥུ་ཡིས་རླངས་འཁོར་ནང་དུ་ཁྱོན་བསྡོམས་ཁོ་ལོ་བ་2དང་འགྲུལ་པ་55བཅས་བསྡད་ཡོད་པ་རེད། ཐོག་མའི་ཆ་འཕྲིན་ལ་གཞིགས་ན། རྐྱེན་ལམ་དུ་ཤོར་མཁན་ཚང་མ་ཨུ་ཟ་བྷེ་ཁི་སི་ཐན་གྱི་མི་ཡིན་པ་དང་། མི་5ལ་རྨས་ཕོག་ཅིང་སྨན་ཁང་དུ་སྲོག་སྐྱོབ་སྨན་བཅོས་བྱེད་པར་བསྐྱལ་བ་རེད། ཧ་སག་སི་ཐན་སྲིད་གཞུང་གིས་ཨ་ཁེ་ཅིའུ་པིན་སི་ཁེ་མངའ་སྡེའི་ཛ་དྲག་ལས་དོན་ཅུས་སུ་གནས་སྐབས་བཀོད་འདོམས་པུའུ་བཙུགས་ཤིང་། ཐེངས་འདི་དོན་རྐྱེན་ཐག་གཅོད་དང་དེའི་ལས་མཇུག་ལེགས་བསྡུས་ཀྱི་ལས་དོན་སྒྲུབ་འགན་འཁུར་བཞིན་ཡོད་ཅེས་བཤད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།