ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་ཡེ་མེན་གྱི་བྱིས་པར་མི་ཆོས་རིང་ལུགས་ཀྱི་རོཌ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བྱས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2018-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ཡེ་མེན་གྱི་རྒྱལ་ས་ས་ནར་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་དོན་གཅོད་ཁྲུས་ཚེས་16ཉིན་སྙན་ཞུ་གསར་ཤོས་ཤིག་ཁྱབ་བསྒྲགས་བྱས་པའི་ནང་། ཡེ་མེན་གྱི་ནང་འཁྲུག་རྐྱེན་གྱིས་ད་བར་དེ་གའི་བྱིས་པ་5000ལྷག་རྐྱེན་ལམ་དུ་སོང་བས། འབྲེལ་ཡོད་ཕྱོགས་ཁག་གིས་ཁྲག་ཤོར་གདོང་ཐུག་མཚམས་འཇོག་གང་མགྱོགས་བྱས་ཏེ་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་དེ་གའི་བྱིས་པར་སྲུང་སྐྱོབ་དང་རོགས་རམ་རྒྱུན་མཐུད་བྱེད་དགོས་པའི་འབོད་སྐུལ་བྱས་ཡོད།

བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་བསྡོམས་རྩིས་ལ་གཞིགས་ན། 2015ལོའི་ཟླ་གསུམ་པ་ཚུན་ཆ་སྙོམས་ཉིན་རེར་ཡེ་མེན་གྱི་བྱིས་པ་5དམག་འཁྲུག་ཁྲོད་སྲོག་ཤོར་བའམ་ཡང་ན་རྨས་སྐྱོན་ཕོག་གི་ཡོད། ད་བར་དེ་གའི་བྱིས་པ་ཁྲི་300ལྷག་དམག་འཁྲུག་ནང་སྐྱེས་པ་དང་། བྱིས་པ་ཁྲི་40ལྷག་འཚོ་བཅུད་ཤིན་ཏུ་མི་འདང་བའི་གནས་སུ་གྱར་བ། ཧ་ལམ་སློབ་ལོན་བྱིས་པ་ཁྲི་200ཙམ་སློབ་གྲྭར་འགྲོ་མི་ཐུབ་པར་ལུས་པ། ཡེ་མེན་གྱི་བྱིས་པ་ཁྲི་1100ཙམ་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དགོས་གལ་ཤིན་ཏུ་ཆེ་བ་བཅས་རེད།ཡེ་མེན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱི་སྐུ་ཚབ་མའེ་ལི་ཐེ་ཁེ་སེར་·ལའེ་ལ་ཉི་ཨོས་ད་ཆ་དེ་གར་འཚོ་བཅུད་ཚབས་ཆེན་མི་འདང་བ་དང་རིམས་ནད་གང་སར་མཆེད་པའི་གནས་ཚུལ་ཐོན་ཡོད། སྟེས་དབང་གིས་གསོན་པའི་བྱིས་པ་དག་ཀྱང་གདོང་ཐུག་རྐྱེན་གྱིས་ཁོང་ཚོའི་ལུས་སེམས་གཉིས་ཀར་རྨ་ཁ་བཟོས་ཡོད། “དམག་འཁྲུག་ནི་ཡེ་མེན་གྱི་བྱིས་པ་ཚོས་བསླངས་པ་ཞིག་མིན་ཡང་། དམག་འཁྲུག་གིས་བཟོས་པའི་སྡུག་བསྔལ་ཁོང་ཚོས་མྱོང་བཞིན་ཡོད”ཅེས་བཤད།ཡེ་མེན་ལ་དམག་འཁྲུག་ཟམ་མི་ཆད་པར་ལངས་པ་དང་ཆབ་སྲིད་ཀྱི་འཕེལ་རིམ་རང་སོར་གནས་ལ་དཔལ་འབྱོར་ཡང་ཉམས་རྒུད་བྱུང་བའི་རྐྱེན་གྱིས་འཚོ་བའི་མཁོ་ཆས་བཀག་སྡོམ་ཁུལ་དུ་གཏོང་ཐབས་བྲལ་བས། ཡེ་མེན་གྱི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཉིན་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ན་ནིང་གི་ཟླ་དགུ་པར་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས། ཡེ་མེན་རྒྱལ་ཡོངས་ཀྱི་མི་ཁྲི་2000ལྷག་ཙམ་ལ་རོགས་སྐྱོར་དགོས་གལ་ཆེ་བ་དང་། མི་ཁྲི་700བཀྲེས་ལྟོགས་ཀྱིས་མནར་བ། མི་ཁྲི་50ལྷག་ལ་ནད་ཡམས་འགོས་པ་མངོན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།