ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་ཙུང་ཐུང་གིས་ཉིང་རྡུལ་ནུས་པའི་ཟིལ་ཤུགས་ནུས་པར་ཤུགས་སྣོན་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་བསྒྲགས་པ་ལྟར་ན། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་བཅུ་དགུའི་ཉིན་ཁྱབ་སྒྲོག་བྱས་དོན། མ་འོངས་པའི་ལོ་ལྔའི་ནང་ཧྥ་རན་སི་ཡིས་ཉིང་རྡུལ་ནུས་པའི་ཟིལ་ཤུགས་ནུས་པར་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

མཱ་ཁི་ལུང་གིས་ཉིན་དེར་ཧྥ་རན་སིའི་ཤར་ལྷོའི་ཕྱོགས་ཀྱི་ཐུའུ་ལོན་མཚོ་དམག་རྟེན་གཞི་ནས་བཤད་རྒྱུར། འདས་པའི་ལོ་ལྔ་བཅུ་ལྷག་གི་རིང་། ཉིང་རྡུལ་ནུས་པའི་ཟིལ་ཤུགས་ནུས་པ་ནི་ཧྥ་རན་སིའི་རྒྱལ་སྲུང་འཐབ་ཇུས་ཀྱི་ནང་དོན་གཙོ་བོ་ཡིན་པ་དང་། མ་འོངས་པར་སྔར་བཞིན་ཧྥ་རན་སིའི་རྒྱལ་སྲུང་འཐབ་ཇུས་ཁྲོད་གནད་འགག་གི་གོ་གནས་ཟིན་དགོས་ཟེར།

ཁོས་ཧྥ་རན་སིའི་ཉིང་རྡུལ་ནུས་པའི་ཟིལ་ཤུགས་དེ་ཁག་ཆེན་པོ་གཉིས་ཏེ། མཚོ་དམག་རྟེན་གཞི་དང་མཁའ་དམག་རྟེན་གཞིའི་ཉིང་རྡུལ་ནུས་པའི་ཟིལ་ཤུགས་མ་ལག་ཡིན་པ་དང་། མི་འགྱངས་པར་ལེགས་བསྒྱུར་འཐུས་ཚང་དུ་གཏོང་རྒྱུ་ཁས་ལེན་བྱས།

མཱ་ཁི་ལུང་གིས་བསྟན་དོན། ཧྥ་རན་སིའི་སྲིད་གཞུང་གིས་རྒྱལ་སྲུང་སྔོན་རྩིས་ཇེ་མཐོར་གཏོང་བར་མཐོང་ཆེན་བྱེད་བཞིན་ཡོད། ཉིས་སྟོང་བཅོ་བརྒྱད་ལོའི་ཧྥ་རན་སིའི་རྒྱལ་སྲུང་སྔོན་རྩིས་ཡོ་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་བཞི་དུང་ཕྱུར་གཉིས་ལ་བསླེབ་ཡོད་པ་དང་། ན་ནིང་དང་བསྡུར་ན་ཡོ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་ཇེ་མང་དུ་བཏང་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།