ཀྲུང་གོ་བོད་ཀྱི་དྲ་བ།

མཱ་ཁི་ལུང་དང་མའོ་ཁི་ཨར་གྱིས་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ་ཧྥ་རན་སི་དང་འཇར་མན་གྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གཉིས་ཀྱིས་ཚེས་ཉེར་གཅིག་ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཧྥ་རན་སི་དང་འཇར་མན་གྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུའི་ཚུལ་བསྟན།

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཧྥ་རན་སི་དང་འཇར་མན་གྱིས་ཨེ་ལོས་ཧྲི་ཕོ་བྲང་གི་ཆིངས་ཡིག་བཀོད་ནས་ལོ་ངོ་ང་ལྔ་འགོར་བའི་སྐབས་སུ། ཧྥ་རན་སི་དང་འཇར་མན་གྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་ཆེད། མཱ་ཁི་ལུང་དང་མའོ་ཁི་ཨར་གཉིས་ཀྱིས་ཚེས་བཅུ་དགུའི་ཉིན་ཕཱ་རེ་སི་ནས་གྲོས་མོལ་བྱེད་སྐབས་ད་ལོར་ཨེ་ལོས་ཧྲི་ཕོ་བྲང་གི་ཆིངས་ཡིག་གསར་བ་གཏན་འབེབས་བྱེད་པར་གཅིག་གྱུར་གྲོས་མཐུན་བཀོད་ཟེར།

ཕྱོགས་གཉིས་ཀྱིས་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་ལྟར་ན། ཧྥ་རན་སི་དང་འཇར་མན་ཕྱོགས་གཉིས་ཀྱིས་མ་འོངས་པའི་དཔལ་འབྱོར་འགྲན་རྩོད་ཐག་གཅོད་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་དང་མང་ཚོགས་ཀྱི་བརྗེ་རེས་ལ་ཡར་སྐུལ་གཏོང་བ། མཉམ་དུ་བདེ་འཇགས་དང་འཕེལ་རྒྱས་ཀྱི་གནད་དོན་ཐག་གཅོད་བྱེད་པ། འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་པ་བཅས་ཕྱོགས་བཞིའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་རྒྱུ་རེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།