ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་ཞི་བདེ་དང་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ཡིས་ཚེས་ཉེར་བརྒྱད་ཉིན་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱིས་ཞི་བདེ་དང་བདེ་འཇགས་སོགས་ཁྱབ་ཁོངས་ཆེན་པོ་ལྔའི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

ཀུའུ་ཐི་ལོས་སི་ཡིས་ཉིན་དེར་ཨེ་ཙེ་ཨོ་ཕི་ཡཱའི་རྒྱལ་ས་ཏི་ཡཱ་སི་ཡཱ་པེ་པཱ་ནས་ཨ་ཧྥེ་རི་ཁ་གླིང་མནའ་འབྲེལ་གྱི་མགོ་གཙོའི་གྲོས་ཚོགས་སྐབས་སུམ་ཅུ་བར་ཞུགས་པའི་སྐབས་སུ་བསྟན་དོན། སྔར་ལས་ལྷག་པའི་སྒོ་ནས་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་འབྲེལ་བ་ཇེ་དྲག་ཏུ་གཏོང་ཆེད། ཕྱོགས་གཉིས་ཀྱིས་ཞི་བདེ་དང་བདེ་འཇགས། རྒྱུན་མཐུད་འཕེལ་རྒྱས། བུད་མེད་དང་ན་གཞོན་གྱི་ཁེ་དབང་། གནས་སྤོར་སྡོད་དམངས། རུལ་སུངས་ལ་ངོ་རྒོལ་བྱེད་པ་བཅས་ཁྱབ་ཁོངས་ཆེན་པོ་ལྔའི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།