ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོ་དང་ཨ་མེ་རི་ཁའི་ཙུང་ཐུང་གིས་ཁ་པར་གྲོས་མོལ་བྱས་ཏེ་ཕེན་ཁྲང་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་རྒྱུའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཚེས་གཉིས་ཉིན་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ལ་ཁ་པར་བཏང་སྟེ། ཕྱོགས་གཉིས་ཀྱིས་མཉམ་ལས་ཟབ་མོ་བྱས་ཏེ། གཟའ་འཁོར་རྗེས་མར་སྤེལ་རྒྱུ་ཡིན་པའི་ཕེན་ཁྲང་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་བོ་སྐྱོན་ཅན་གྱི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་རྒྱུ་ཡིན་ཟེར།

ཧན་གོའི་ཙུང་ཐུང་བཞུགས་ཤག་ཆིན་ཝ་ཐེ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། ཧན་གོ་དང་ཨ་མེ་རི་ཁའི་མགོ་གཙོས་ཚེས་གཉིས་ཉིན་གྱི་དགོང་མོར་སྐར་མ་སུམ་ཅུའི་རིང་ཁ་པར་གྲོས་མོལ་བྱས་ཏེ། ཕེན་ཁྲང་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་བོ་སྐྱོན་ཅན་གྱི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་སྤེལ་བ་དང་ཁྲའོ་ཞན་ཕྱེད་གླིང་གི་གནད་དོན་ལ་གྲོས་བསྡུར་བྱས་པར་མ་ཟད། དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་མཇུག་སྒྲིལ་རྗེས་ཀྱི་ཕྱེད་གླིང་གི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས།

ཝུན་ཙེ་ཡུན་གྱིས་བསྟན་དོན། ཕེན་ཁྲང་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་གོ་སྐབས་སུ་བྱས་ཏེ་ལྷོ་བྱང་གི་གྲོས་མོལ་གྱི་གནས་བབ་བཟང་བོ་སྲུང་འཛིན་བྱས་ནས་ཕྱེད་གླིང་གི་ཞི་བདེའི་ཐད་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན།

ཨ་མེ་རི་ཁ་དང་ཧན་གོའི་ཉོ་ཚོང་གནད་དོན་གླེང་སྐབས། ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁ་དང་ཧན་གོའི་བར་གྱི་ཉོ་ཚོང་འདྲ་མཉམ་མིན་པའི་གནད་དོན་ཐག་གཅོད་བྱེད་དགོས་པའི་ཚུལ་བསྟན་པ་དང་། ཝུན་ཙེ་ཡུན་གྱིས་ཟོལ་མེད་ཀྱིས་ཧན་གོ་དང་ཨ་མེ་རི་ཁའི་རང་དབང་ཉོ་ཚོང་གྲོས་ཆོད་ཀྱི་གྲོས་མོལ་སྤེལ་དགོས་པའི་ཚུལ་བསྟན།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།