ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་དམག་དཔུང་གིས་སྤྱི་ཁྱབ་ཆབ་སྲིད་པུའུ་བསྐྱར་འཛུགས་བྱེད་པའི་འཆར་གཞི་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་སྤྱི་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཁན་ཧྲིན་གྱིས་ཚེས་ལྔ་ཉིན་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨུ་རུ་སིའི་དམག་དཔུང་གིས་སྤྱི་ཁྱབ་ཆབ་སྲིད་པུའུ་བསྐྱར་འཛུགས་བྱེད་པའི་འཆར་གཞི་ཡོད་ཟེར།

ཁན་ཧྲིན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། གསར་དུ་བཙུགས་པའི་ཨུ་རུ་སིའི་དམག་དཔུང་གི་སྤྱི་ཁྱབ་ཆབ་སྲིད་པུའུ་དེ་ད་ཡོད་ཀྱི་རྒྱལ་སྲུང་པུའུ་ཡི་ལས་བྱེད་མི་སྣའི་དོ་དམ་ཅུའུ་ཡི་རྨང་གཞིའི་སྟེང་འཛུགས་རྒྱུ་ཡིན་པ་དང་། དེར་དབང་ཆ་ངེས་ཅན་བྱིན་ནས་ཨུ་རུ་སིའི་དམག་དཔུང་གི་མཁའ་མཚོ་སྐམ་གསུམ་གྱི་དམག་སྣ་སོ་སོར་ཐད་གཏོགས་ཀྱི་གྲུབ་ཚུལ་དོ་དམ་འཛུགས་པར་སྟབས་བདེ་བཟོ་རྒྱུ་རེད་ཟེར།

ཁན་ཧྲིན་གྱིས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་བརྡ་འཕྲིན་འགྲན་རྩོད་ཁྲོད་དམག་དཔུང་གི་ཆབ་སྲིད་གཅིག་གྱུར་རང་བཞིན་ལྷག་ཏུ་གལ་ཆེན་ཡིན་པས། ཨུ་རུ་སི་ཡིས་དྲག་ཆས་དམག་དཔུང་ལ་གཞི་རྩའི་རང་བཞིན་གྱི་གྲུབ་ཚུལ་ལེགས་སྒྲིག་དང་འགན་ནུས་ལ་ཤུགས་སྣོན་བྱེད་པའི་དགོས་པ་ཡོད་པ་དང་། ཨུ་རུ་སིའི་རྒྱལ་ནང་གི་སྤྱི་ཚོགས་ཆབ་སྲིད་གནས་བབ་ལ་རྐང་བཙུགས་ཏེ་དམག་དཔུང་གི་བསམ་བློའི་སྙིང་སྟོབས་ཀྱི་འཛུགས་སྐྲུན་དང་རྒྱལ་སྲུང་དམག་གྲབས་ནུས་པ་སྲ་བརྟན་དང་ཇེ་མཐོར་གཏོང་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།