ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་དང་ཨུ་རུ་སི་ཡིས་ཟླ་རྗེས་མར་འཐབ་ཇུས་ཉིང་རྡུལ་མཚོན་ཆའི་མཛོད་ཁང་གི་གཞི་གྲངས་བརྗེ་རེས་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚེས་ལྔ་ཉིན་བསྟན་དོན། ཨ་མེ་རི་ཁ་དང་ཨུ་རུ་སི་ཡིས་འདས་པའི་ལོ་ངོ་བདུན་ནང་ཉིང་རྡུལ་དམག་འཕྲུའི་ཆིངས་ཡིག་གི་རེ་བ་ལག་བསྟར་བྱས་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཟླ་རྗེས་མར་འཐབ་ཇུས་ཉིང་རྡུལ་མཚོན་ཆའི་མཛོད་ཁང་གི་གཞི་གྲངས་བརྗེ་རེས་བྱེད་རྒྱུ་ཡིན་ཟེར།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ནོའུ་ཨར་ཐི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། པར་གཞི་གསར་བའི་ཉིང་རྡུལ་དམག་འཕྲུའི་ཆིངས་ཡིག་སྟེ་དཔུང་འཇུག་རང་བཞིན་གྱི་འཐབ་ཇུས་མཚོན་ཆ་ཉུང་འཕྲུ་དང་གཏན་འགོག་བྱེད་པའི་ཆིངས་ཡིག་གི་ཨ་མེ་རི་ཁ་དང་ཨུ་རུ་སིའི་ཉིང་རྡུལ་མཚོན་ཆའི་མཛོད་ཁང་གི་ཚོད་འཛིན་ནང་དོན་ཉིན་དེར་དངོས་སུ་ནུས་ལྡན་དུ་གྱུར་བ་རེད། འདས་པའི་ལོ་ངོ་བདུན་ནང་། ཨ་མེ་རི་ཁ་དང་ཨུ་རུ་སི་ཡིས་ལོ་རེར་ཆིངས་ཡིག་གི་གཏན་འཁེལ་གཞིར་བཟུང་ནས་ཉིང་རྡུལ་མཚོན་ཆའི་མཛོད་ཁང་གི་གཞི་གྲངས་ཐེངས་གཉིས་ལ་བརྗེ་རེས་བྱེད་པ་ཡིན། ཕྱོགས་གཉིས་ཀྱིས་ཟླ་རྗེས་མར་ཡང་བསྐྱར་འཐབ་ཇུས་མཚོན་ཆའི་མཛོད་ཁང་གི་གཞི་གྲངས་བརྗེ་རེས་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།