ཀྲུང་གོ་བོད་ཀྱི་དྲ་བ།

སོ་མཱ་ལིའི་སྲིད་གཞུང་དམག་དཔུང་དང་ན་གཞོན་ཏང་ཞེས་པའི་དྲག་ཆས་པས་འཁྲུག་རྩོད་བྱས་ཏེ་མི་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སོ་མཱ་ལིའི་སྲིད་གཞུང་དམག་དཔུང་དང་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱིས་ཚེས་དྲུག་ཉིན་དབུས་ཕྱོགས་ཀྱི་ཞི་ལཱ་ས་ཁུལ་གྱི་གྲོང་རྡལ་ཞིག་ནས་འཁྲུག་རྩོད་དྲག་པོ་བྱས་ཏེ། སྲིད་གཞུང་དམག་དཔུང་གི་དམག་མི་གཅིག་དང་མི་སེར་དཀྱུས་མ་གཅིག་རྐྱེན་ལམ་དུ་ཤོར།

ས་དེའི་དཔོན་པོ་མུའུ་ཧན་མའོ་ཏི་ཡིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་སྐོར་ཞིག་གིས་གྲོང་རྡལ་དེའི་ཉེན་རྟོག་ཅུའུ་ཞིག་ལ་འཇབ་རྒོལ་བྱས་པ་དང་། སྲིད་གཞུང་དམག་དཔུང་གིས་དྲག་ཆས་པའི་བར་འཁྲུག་རྩོད་དྲག་པོ་བྱས་རྗེས་མཐར་སྐྲོད་བཏང་། མིག་སྔར་དྲག་ཆས་ཉེས་ཅན་བྲོས་བྱོལ་བྱས་པ་དང་། གྲོང་རྡལ་གྱི་སྒྲིག་ལམ་རྒྱུན་ལྡན་དུ་གྱུར་ཡོད་ཟེར།

སོ་མཱ་ལིའི་ན་གཞོན་ཏང་ཞེས་པའི་རྩ་འཛུགས་ནི་རྟེན་གཞི་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་ཐལ་སྤྱོད་རྩ་འཛུགས་ཤིག་ཡིན་པ་དང་། ཉེ་བའི་ལོ་འགའི་རིང་སོ་མཱ་ལི་དང་ཉེ་འཁོར་གྱི་ཁྱིམ་མཚེས་རྒྱལ་ཁབ་དག་ཏུ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཐེངས་མང་སྤེལ་བ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།