ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་དང་ཨུ་རུ་སི་ཡིས་མུ་མཐུད་དུ་དམག་དོན་མཉམ་ལས་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའུ་ཏན་གྱི་ཙུང་ཐུང་པཱ་ཞེ་ཨར་གྱིས་ཚེས་བརྒྱད་ཉིན་ཁྱབ་སྒྲོག་བྱས་དོན། སུའུ་ཏན་དང་ཨུ་རུ་སི་ཡིས་དམག་དོན་མཉམ་ལས་སྤེལ་ཏེ། སུའུ་ཏན་གྱི་དྲག་ཆས་དམག་དཔུང་གི་འཛུགས་སྐྲུན་ལ་ཡར་སྐུལ་གཏོང་རྒྱུ་ཡིན་ཟེར།

པཱ་ཞེ་ཨར་གྱིས་ཉིན་དེར་སུའུ་ཏན་ཤར་ཕྱོགས་ཀྱི་མཚོ་དམར་ཀྲིག་ནས་སུའུ་ཏན་གྱི་དམག་དཔུང་ལ་གཏམ་བཤད་སྤེལ་ཏེ། མིག་སྔར་སུའུ་ཏན་ལ་མི་སྣ་དང་སྒྲིག་ཆས། བྱ་བའི་ཁོར་ཡུག་བཅས་ཕྱོགས་གསུམ་ནས་སུའུ་ཏན་གྱི་དྲག་ཆས་དམག་དཔུང་འཕེལ་རྒྱས་སུ་གཏོང་བའི་ཇུས་གཞི་ཆ་ཚང་ཞིག་ཡོད། སྔོན་ཆད་ང་ཚོས་མདའ་མདེལ་སོགས་ནང་འདྲེན་བྱེད་པར་བརྟེན་ཡོད་ཀྱང་། ད་ལྟ་ང་ཚོས་མེ་མདའ་ལས་ཐུབ་པར་མ་ཟད། ཐ་ན་འཕུར་མདའ་དང་གནམ་གྲུ། གྲུ་གཟིངས་སོགས་ལས་ཐུབ་པ་ཡིན་ཟེར། སུའུ་ཏན་གྱིས་མུ་མཐུད་དུ་ཨུ་རུ་སིའི་བར་མཉམ་ལས་བྱས་ཏེ་སུའུ་ཏན་གྱི་དྲག་ཆས་དམག་དཔུང་གི་དེང་རབས་ཅན་འཛུགས་སྐྲུན་བྱེད་རྒྱུ་རེད།

སུའུ་ཏན་གྱིས་ནམ་རྒྱུན་ཨུ་རུ་སིའི་བར་དམག་དོན་མཉམ་ལས་སྤེལ་བའི་དམིགས་ཡུལ་ནི་སུའུ་ཏན་གྱི་དྲག་ཆས་དམག་དཔུང་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་པ་དང་། ཁྱད་པར་དུ་རྒྱལ་ཁབ་རང་གི་མཁའ་དམག་གི་འཐབ་འཛིང་ནུས་པ་ཇེ་མཐོར་གཏོང་ཆེད་ཡིན་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།