ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ངོ་རྒོལ་ཏང་གི་མགོ་ཁྲིད་པས་སི་རི་ཡཱའི་དམག་དོན་འགུལ་སྐྱོད་དང་འབྲེལ་བའི་ཚུལ་མིན་གྱི་གཏམ་བརྗོད་སྤེལ་བས་འཛིན་བཟུང་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་རྒྱལ་ས་ཨན་ཁཱ་ལཱའི་ཞིབ་དཔྱོད་ཁང་ཞིག་གིས་ཚེས་དགུའི་ཉིན་བཀའ་རྒྱ་བཏང་སྟེ། ཐུར་ཁེས་ཡིས་སི་རི་ཡཱ་ནས་སྤེལ་བའི་དམག་དོན་འགུལ་སྐྱོད་ལ་དམིགས་ཏེ་ཚུལ་མིན་གྱི་གཏམ་བཤད་སྤེལ་བ་རྒྱུ་མཚན་དུ་བྱས་ཏེ། ངོ་རྒོལ་ཏང་ཁག་ཆེན་མོ་གཉིས་པ་མི་དམངས་དམངས་གཙོ་ཏང་གི་ཐུན་མོང་ཀྲུའུ་ཞི་ཁའེ་མའོ་ཨར་པཱ་དབྱེ་འཛིན་བཟུང་བྱས།

བསྒྲགས་པ་ལྟར་ན། ཉིན་དེར་དུས་མཉམ་དུ་འཛིན་བཟུང་བྱས་པ་ལ་བསྡོམས་པས་མི་བཅུ་བདུན་ཡོད། ཁོ་ཚོའི་ཉེས་མིང་ནི་ཐུར་ཁེ་ཡིས་སི་རི་ཡཱའི་དམག་དོན་འགུལ་སྐྱོད་ལ་ངོ་རྒོལ་བྱེད་པར་ཁ་གཡར་ནས་སྲང་ལམ་གྱི་ངོ་རྒོལ་དང་འཁྲུག་རྩོད་ལ་ངན་སྐུལ་བྱེད་འདོད་པ་རེད་ཟེར།

བསྒྲགས་པ་ལྟར་ན། ཐུར་ཁེའི་བདེ་འཇགས་སྡེ་ཁག་གིས་ཉིན་དེར་གྲོང་ཁྱེར་མང་བོ་ནས་མི་བཅུ་བདུན་འཛིན་བཟུང་བྱེད་པའི་འགུལ་སྐྱོད་སྤེལ་བ་དང་། མིག་སྔར་ཁའེ་མའོ་ཨར་ཁཱ་དབྱེ་ད་རུང་འཛིན་བཟུང་བྱས་མེད།

མི་དམངས་དམངས་གཙོ་ཏང་གིས་ཐུར་ཁེའི་དམག་དཔུང་གིས་སི་རི་ཡཱ་ནས་སྤེལ་བའི་དམག་དོན་འགུལ་སྐྱོད་ལ་སྐྱོན་བརྗོད་ཀྱི་རྣམ་འགྱུར་བཟུང་ཡོད་པ་དང་། མིག་སྔར་མི་དམངས་དམངས་གཙོ་ཏང་གི་ཏང་ཡོན་ལྔ་བརྒྱ་ཙམ་གྱིས་ཐེངས་འདིའི་དམག་དོན་འགུལ་སྐྱོད་ལ་ངོ་རྒོལ་བྱས་པའི་དབང་གིས་འཛིན་བཟུང་བྱས་ཡོད།

མི་དམངས་དམངས་གཙོ་ཏང་ནི་ཐུར་ཁེའི་གྲོས་ཁང་གི་ཏང་ཁག་གསུམ་པ་ཡིན་ཞིང་། ཆབ་སྲིད་བྱ་འགུལ་ཁྲོད་ཁུའུ་ཨར་ཏི་ལ་ཁེ་ཕན་བཟང་བོ་བརྩོན་ལེན་བྱེད་བཞིན་ཡོད། ཐུར་ཁེའི་སྲིད་གཞུང་གིས་ཐེངས་མང་བོར་ཏང་ཁག་དེ་དང་ཐུར་ཁེའི་སྲིད་གཞུང་གིས་འཇིགས་སྐུལ་རྩ་འཛུགས་སུ་བཞག་པའི་ཁུའུ་ཨར་ཏི་བཟོ་བའི་ཏང་མིར་འབྲེལ་བ་ཡོད་པར་སྐྱོན་འཛུགས་བྱས་ཀྱང་། མི་དམངས་དམངས་གཙོ་ཏང་གིས་དོན་དེ་ཁས་ལེན་མ་བྱས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།