ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་ཙུང་ཐུང་གིས་རྒྱལ་ཁབ་བདེ་འཇགས་སྡེ་ཁག་གི་དཔོན་རིགས་ལ་གཟི་བརྗིད་གཟེངས་རྟགས་བྱིན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་ཡིས་ཉེ་སྔོན་ཙུང་ཐུང་བཞུགས་ཤག་ནས་རྒྱལ་ཁབ་བདེ་འཇགས་སྡེ་ཁག་གི་མཐོ་རིམ་དཔོན་རིགས་ལ་གཟི་བརྗིད་གཟེངས་རྟགས་བྱིན་ནས། ཁོ་ཚོས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་དང་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་འབུར་དུ་ཐོན་པ་བཞག་པར་གཟེངས་བསྟོད་བྱས།

ཨ་ཧྥུའུ་ཧན་གྱི་པཱ་ཧི་ཐཱ་འཕྲིན་གཏོང་ཁང་གིས་ཚེས་བཅུའི་ཉིན་བསྒྲགས་པ་ལྟར་ན། གཟེངས་རྟགས་ཐོབ་པའི་མི་བཅུ་བདུན་པོ་དེ་ནི་ཨ་ཧྥུའུ་ཧན་རྒྱལ་སྲུང་པུའུ་དང་དམིགས་བསལ་དམག་དཔུང་། མཁའ་དམག དམིགས་བསལ་ཉེན་རྟོག་པ་སོགས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྱབ་ཁོངས་ལ་འབྲེལ་བའི་སྡེ་ཁག་ལྔ་ནས་ཡོང་བ་རེད་ཟེར།

ཅཱ་ནེ་ཡིས་བྱ་དགའ་སྟེར་བའི་མཛད་སྒོའི་སྟེང་བྱ་དགའ་ཐོབ་པའི་དཔོན་རིགས་ཀྱི་ནུས་པར་གདེང་འཇོག་ཆེན་པོ་བྱས་པ་དང་། ཁོ་ཚོ་ནི་ཨ་ཧྥུའུ་ཧན་སྲིད་གཞུང་དང་མི་དམངས་ཀྱི་ལ་རྒྱ་ཡིན་ལ། འཐབ་ཕྱོགས་མི་འདྲ་བར་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་བཞིན་ཡོད་ཟེར། ཁོས་བསྟན་དོན། རང་གི་འགན་ཡུན་ནང་དུ་བདེ་འཇགས་སྡེ་ཁག་གི་བཅོས་བསྒྱུར་དང་འཕེལ་རྒྱས་ཐད་འབད་འབུངས་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་འགན་སྲུང་ནུས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཨ་ཧྥུའུ་ཧན་གྱི་གནས་བབ་ཟང་ཟིང་ཡིན་པ་དང་། རིགས་སྣ་ཚོགས་ཀྱི་དྲག་ཆས་འཁྲུག་རྩོད་དུས་ངེས་མེད་དུ་འབྱུང་བཞིན་ཡོད་ལ། རྒྱལ་ཁབ་ཀྱི་བདེ་འཇགས་མི་སྣར་ཤི་རྨས་མང་དུ་འབྱུང་བཞིན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།