ཀྲུང་གོ་བོད་ཀྱི་དྲ་བ།

པའོ་ལེ་ཝེ་ཡཱའི་སྤྲོ་སྐྱིད་དུས་ཆེན་སྐབས་སུ་སོལ་རླངས་གསོག་སྣོད་འགས་གཏོར་བྱུང་སྟེ་མི་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པའོ་ལེ་ཝེ་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ལྷོ་ནུབ་ཕྱོགས་ཀྱི་ཨོ་ལུའུ་ལོ་གྲོང་ཁྱེར་གྱི་སྤྲོ་སྐྱིད་དུས་ཆེན་སྐབས་སོལ་རླངས་གསོག་སྣོད་འགས་གཏོར་བྱུང་སྟེ། ཉུང་མཐར་ཡང་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་བཅུར་རྨས་ཕོག་ཟེར།

ཨོ་ལུའུ་ལོ་ཡི་ཉེན་རྟོག་ཅུའུ་ཡིས་ཉིན་དེར་སྤྱི་སྒྲོག་སྤེལ་ཏེ། འགས་གཏོར་དོན་རྐྱེན་དེ་སྤྲོ་སྐྱིད་དུས་ཆེན་གྱི་ཁྲོམ་སྐོར་མགོ་རྩོམ་སར་བྱུང་བ་དང་། སྲང་ལམ་འགྲམ་གྱི་ཚོང་བའི་སོལ་རླངས་གསོག་སྣོད་ཅིག་འགས་གཏོར་བྱུང་སྟེ་ཉེ་འཁོར་གྱི་རྨིད་ལྔ་བཅུའི་ནང་གི་ཟས་རིགས་ཚོང་སྒྲོམ་ལ་གཏོར་བརླག་ཐེབས་ཡོད་ལ། ཉུང་མཐར་ཡང་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་བཅུར་རྨས་ཕོག་ཡོད་ཟེར།

པའོ་ལེ་ཝེ་ཡཱའི་ཙུང་ཐུང་མའོ་ལཱ་ལའེ་སི་ཡིས་དྲ་ཐོག་ནས་བསྟན་དོན། ཁོས་དོན་རྐྱེན་དེར་སེམས་ཁུར་བྱེད་བཞིན་ཡོད་པ་དང་། འདས་པོར་མྱ་ངན་ཞུ་བཞིན་ཡོད། སྲིད་གཞུང་གིས་རྨས་མ་དག་ལ་དགོས་ངེས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་མ་ཟད། དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།