ཀྲུང་གོ་བོད་ཀྱི་དྲ་བ།

ཨར་ཅི་རི་ཡཱ་དང་ཨ་མེ་རི་ཁའི་དཔོན་རིགས་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨར་ཅི་རི་ཡཱའི་ཕྱི་འབྲེལ་བློན་ཆེན་མེད་སཱ་ཧི་ལེ་ཡིས་ཚེས་བཅུ་གཅིག་ཉིན་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་མཐུན་སྦྱོར་བ་གཞོན་པ་ལོ་མན་ནོའུ་ཧྥུའུ་སི་ཅི་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་ལ་གྲོས་བསྡུར་བྱས།

ཨར་ཅི་རི་ཡཱའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཕྱོགས་གཉིས་ཀྱིས་ས་ཁུལ་གྱི་བདེ་འཇགས་གནས་བབ་དང་ཁྱད་པར་དུ་དབྱི་རག་དང་སི་རི་ཡཱ་ནས་ཕྱིར་ཨ་ཧྥེ་རི་ཁ་གླིང་དུ་ལོག་པའི་འཇིགས་སྐུལ་ཉེས་ཅན་གྱིས་བཟོས་པའི་འཇིགས་ཉེན་ཇི་ལྟར་སྔོན་འགོག་བྱེད་པར་ཞིབ་ཏུ་གྲོས་བསྡུར་བྱས།

མེད་སཱ་ཧི་ལེ་ཡིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཨར་ཅི་རི་ཡཱ་ནི་ཨ་ཧྥེ་རི་ཁ་གླིང་གི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་རྐྱེན་སྲོལ་གྱི་སྟོབས་ཤུགས་གཙོ་བོ་ཡིན་པ་དང་། འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་ཉེན་ཐག་གཅོད་བྱེད་པའི་ཐད་ནས་མུ་མཐུད་དུ་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས་ཟེར།
ལོ་མན་ནོའུ་ཧྥུའུ་སི་ཅི་ཡིས་བསྟན་དོན། ཨ་མེ་རི་ཁས་ཐལ་སྤྱོད་རིང་ལུགས་དང་འཇིགས་སྐུལ་རིང་ལུགས་ཀྱི་མ་དངུལ་ཡོང་ཁུངས་གཅོད་པའི་ཐད་ནས་ཨར་ཅི་རི་ཡཱའི་བར་མཉམ་ལས་རྒྱ་ཆེར་སྤེལ་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།