ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་འཆར་འགོད་ཁང་གིས་སི་རི་ཡཱའི་ཡུལ་གྱར་བ་ཁྲི་གཅིག་ཅོར་ཏན་ནས་གཞན་དུ་སྤོར་རྒྱུའི་འཆར་གཞི་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་གྱི་མཐོ་རིམ་ཆེད་དོན་པ་ཀི་ལན་ཏིས་ཀྱས་ཚེས་བཅུ་གཉིས་ཉིན་ཅོར་ཏན་ནས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་འཆར་འགོད་ཁང་གིས་སི་རི་ཡཱའི་ཡུལ་གྱར་བ་ཁྲི་གཅིག་ཅོར་ཏན་ནས་གཞན་དུ་སྤོར་རྒྱུའི་འཆར་གཞི་ཡོད་པ་དང་། ཨ་མེ་རི་ཁ་དང་ཏན་མག་སོགས་རྒྱལ་ཁབ་ཀྱིས་ཡུལ་གྱར་བ་དང་དང་ལེན་དང་བཀོད་སྒྲིག་བྱས་པའི་ཁ་གྲངས་ཇེ་མང་དུ་གཏོང་བར་རེ་བ་ཡོད་ཟེར།

ཀི་ལན་ཏིས་ཀྱིས་ཉིན་དེར་ཅོར་ཏན་བྱང་ཕྱོགས་ཀྱི་སི་རི་ཡཱའི་མཐའ་མཚམས་དང་ཉེ་བའི་ཀྲ་ཐཱ་ལི་ཡུལ་གྱར་བའི་སྒར་ས་སོགས་ལ་སྐོར་ཞིབ་བྱས། ཁོས་ཀྲ་ཐཱ་ལིའི་ཡུལ་གྱར་བའི་སྒར་ས་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། སི་རི་ཡཱའི་འཐབ་འཁྲུག་བྱུང་ནས་ལོ་བརྒྱད་འགོར་བ་དང་། སི་རི་ཡཱའི་བདེ་འཇགས་གནས་བབ་ཞན་པས། ཡུལ་གྱར་བ་དག་ཕྱིར་རང་ཡུལ་དུ་ལོག་པར་གྲ་སྒྲིག་བྱས་མེད་ཟེར།

ཀི་ལན་ཏིས་ཀྱིས་ཅོར་ཏན་གྱིས་སི་རི་ཡཱའི་ཡུལ་གྱར་བ་བཀོད་སྒྲིག་བྱེད་པའི་ཐད་འབད་བརྩོན་བྱས་པར་གཟེངས་བསྟོད་བྱས། ཁོས་བཤད་རྒྱུར། ཉིས་སྟོང་བཅུ་དྲུག་ལོའི་ཚུན་ལ། ཅོར་ཏན་གྱིས་རང་གི་མངའ་ཁོངས་ཀྱི་སི་རི་ཡཱའི་ཡུལ་གྱར་བར་བྱ་བའི་ལམ་ཡིག་ཁྲི་བརྒྱ་དང་སྟོང་བརྒྱད་ལྷག་བྱིན་པ་དང་། གཙོ་བོ་ཞིང་ལས་དང་བཟོ་སྐྲུན་ལས་རིགས་ལ་གཅིག་བསྡུས་བྱས་ཡོད་ལ། དེའི་ནང་བུད་མེད་ཀྱི་བསྡུར་ཚད་བརྒྱ་ཆའི་ལྔ་ཙམ་ཟིན་ཡོད། བྱེད་ཐབས་དེ་འདྲར་བརྟེན་ནས་ཡུལ་གྱར་བ་དག་ཟས་རིགས་དང་མ་དངུལ་གྱི་རོགས་སྐྱོར་ཁོ་ནར་བརྟེན་པ་མ་ཡིན་པར་བྱ་བའི་ལ་རྒྱ་ཡོད་པར་བྱས་ཟེར།

ཀི་ལན་ཏིས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མུ་མཐུད་དུ་ཡུལ་གྱར་བ་དང་ལེན་བྱེད་པའི་རྒྱལ་ཁབ་ཀྱི་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་དགོས་པ་དང་། ཨ་མེ་རི་ཁ་དང་ཏན་མག་སོགས་རྒྱལ་ཁབ་ཀྱིས་མུ་མཐུད་དུ་ཡུལ་གྱར་བ་དང་ལེན་དང་བཀོད་སྒྲིག་བྱེད་པའི་ཁ་གྲངས་ཇེ་མང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།