ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པས་ཨ་མེ་རི་ཁས་ཁྲའོ་ཞན་བར་གྲོས་མོལ་བྱེད་འདོད་ཡོད་ཀྱང་བཀག་སྡོམ་བྱེད་ཐབས་རྒྱུན་འཁྱོངས་བྱེད་ངེས་ཡིན་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་ཕིན་སི་ཡིས་ཚེས་བཅུ་གཉིས་ཉིན་བསྟན་དོན། ཨ་མེ་རི་ཁས་ཁྲའོ་ཞན་བར་གྱི་གྲོས་མོལ་སླར་གསོ་བྱེད་པར་བསམ་བློ་གཏོང་འདོད་ཡོད་ཀྱང་། ཨ་མེ་རི་ཁ་ཕྱོགས་ཀྱིས་མུ་མཐུད་དུ་དཔལ་འབྱོར་དང་ཕྱི་འབྲེལ་ཐད་ནས་ཁྲའོ་ཞན་གནོན་ཤུགས་སྟེར་བའི་ཤུགས་ཚད་ཇེ་ཆེར་གཏོང་རྒྱུ་ཡིན་ཟེར།

ཕིན་སི་ཡིས་ཧན་གོར་ཉིན་གསུམ་གྱིས་འཚམས་བྱེད་པའི་བྱ་བ་མཇུག་སྒྲིལ་ནས་ཕྱིར་ལོག་པའི་ལམ་བར་ནས་བསྟན་དོན། ཁོས་ཧན་གོར་འཚམས་འདྲི་བྱེད་སྐབས་ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་དང་མཉམ་དུ་ཁྲའོ་ཞན་གྱི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་ངོ་བོ་རང་བཞིན་ལྡན་པའི་བརྗེ་རེས་ཐེངས་གཉིས་བྱས་པ་དང་། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཁྲའོ་ཞན་བར་འབྲེལ་འདྲིས་བྱེད་པར་འཐད་པ་བྱུང་། ཐོག་མའི་རེ་འདུན་ལྟར་ན། ཧན་གོས་སྔོན་ལ་ཁྲའོ་ཞན་བར་གྲོས་མོལ་བྱེད་དགོས་པ་དང་། ཨ་མེ་རི་ཁ་དེའི་རྗེས་ནས་ཞུགས་པར་བསམ་བློ་གཏོང་དགོས་ཟེར།

ཕིན་སི་ཡིས་ད་རུང་ནན་གྱིས་བསྟན་དོན། ཨ་མེ་རི་ཁས་མུ་མཐུད་དུ་ཁྲའོ་ཞན་ལ་གནོན་ཤུགས་ཆེན་པོ་སྟེར་བ་དེ་ཁྲའོ་ཞན་གྱིས་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་ཐད་ནས་དོན་སྙིང་ལྡན་པའི་གྲུབ་འབྲས་ཤིག་ལོན་རག་བར་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།