ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་གི་དཔོན་རིགས་ཀྱིས་དབྱི་རག་བསྐྱར་འཛུགས་བྱེད་པར་མེ་སྒོར་ཐེར་ཆེན་བརྒྱད་དང་ཐེར་འབུམ་བརྒྱད་དུང་ཕྱུར་གཉིས་དགོས་པར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་འཆར་འགོད་པུའུ་ཡི་པུའུ་ཀྲང་ཀྲུའུ་མེད་ལེ་ཡིས་ཚེས་བཅུ་གཉིས་ཉིན་ཁི་ཝེ་ཐི་ནས་བསྟན་དོན། དབྱི་རག་གི་བསྐྱར་འཛུགས་ཐད་མེ་སྒོར་ཐེར་ཆེན་བརྒྱད་དང་ཐེར་འབུམ་བརྒྱད་དུང་ཕྱུར་གཉིས་མཁོ་ཟེར།

ཀྲུའུ་མེད་ལེ་ཡིས་ཉིན་དེར་ཁི་ཝེ་ཐིའི་རྒྱལ་ས་ཁི་ཝེ་ཐི་ནས་སྤེལ་བའི་དབྱི་རག་བསྐྱར་འཛུགས་རྒྱལ་སྤྱིའི་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། མ་དངུལ་དེ་དག་དབྱི་རག་གི་ཉེ་བའི་ལོ་འགའི་རིང་འཇིགས་སྐུལ་འཇབ་རྒོལ་ཐེབས་པ་དང་འཇིགས་སྐུལ་རྩ་འཛུགས་དང་འཁྲུག་རྩོད་བྱེད་སྐབས་གཏོར་བརླག་ཐེབས་པ་དག་བསྐྱར་འཛུགས་བྱེད་པའི་ཐད་བཀོལ་རྒྱུ་ཡིན་ཟེར།

དབྱི་རག་འཆར་འགོད་པུའུ་ཡི་དཔོན་པོ་ཧྥ་ཐཱ་ཧི་ཡིས་ཚོགས་ཐོག་ནས་བསྟན་དོན། དབྱི་རག་བསྐྱར་འཛུགས་ལ་མཁོ་བའི་མ་དངུལ་ཁྲོད་དུ་མེ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་གཉིས་དུས་ཡུན་ཐུང་ངུའི་ནང་མཁོ་བ་དང་། མེ་སྒོར་ཐེར་ཆེན་དྲུག་དང་ཐེར་འབུམ་དྲུག་ནི་དུས་རིམ་འབྲིང་དུ་མཁོ་བ་ཡིན་ཟེར།

དབྱི་རག་འཆར་འགོད་པུའུ་ཡིས་ཉིན་དེར་ཁྱབ་སྒྲོག་བྱས་པའི་དཔྱད་འཇོག་སྙན་ཞུ་གསར་བ་ལྟར་ན། འཇིགས་སྐུལ་འཇབ་རྒོལ་ལས་གྱོང་གུད་ཆེས་ཚབས་ཆེ་བའི་ཞིང་ཆེན་བདུན་གྱི་རྨང་གཞིའི་སྒྲིག་ཆས་དང་ཐོན་སྐྱེད། སྤྱི་ཚོགས་འགན་སྲུང་སོགས་ཀྱི་ཐད་ཡུལ་དངོས་ནས་རྟོག་ཞིབ་བྱས་པ་བརྒྱུད། དབྱི་རག་ལ་འཇིགས་སྐུལ་བྱ་འགུལ་དབང་གིས་མེ་སྒོར་ཐེར་ཆེན་བཞི་དང་ཐེར་འབུམ་ལྔ་དུང་ཕྱུར་བདུན་གྱི་གྱོང་གུད་བྱུང་ཡོད་པ་དང་། མེ་སྒོར་ཐེར་ཆེན་བརྒྱད་དང་ཐེར་འབུམ་བརྒྱད་དུང་ཕྱུར་གཉིས་ཀྱི་མ་དངུལ་དགོས་མཁོ་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།