ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པས་ཐུར་ཁེའི་དམག་དོན་འགུལ་སྐྱོད་ཁྲོད་མི་སེར་དཀྱུས་མ་བརྒྱ་དང་བརྒྱད་ཅུ་བསད་པར་བར་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། ཐུར་ཁེའི་སི་རི་ཡཱའི་བྱང་ཕྱོགས་ཀྱི་ཨ་ཧྥུའུ་ལིན་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་ཁྲོད་མི་སེར་དཀྱུས་མ་བརྒྱ་དང་བརྒྱད་ཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་བཞི་བརྒྱ་དང་བཅུ་གསུམ་ལ་རྨས་ཕོག་ཡོད་ཟེར།

སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པ་མི་དམངས་སྲུང་སྐྱོབ་དམག་དཔུང་གིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཤི་རྨས་ཐེབས་མཁན་ཁྲོད་དུ་བུད་མེད་དང་བྱིས་པ། ལོ་ལོན་བཅས་འདུས་པ་དང་། ཤི་རྨས་ཐེབས་པའི་མང་ཚོགས་དག་ཨ་ཧྥུའུ་ལིན་ས་ཁུལ་གྱི་སྨན་ཁང་དུ་ཐོ་འགོད་བྱས་ཡོད་པ་རེད་ཟེར།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། ཐུར་ཁེ་ཡིས་ཨ་ཧྥུའུ་ལིན་ས་ཁུལ་དུ་བར་སྣང་འཇབ་རྒོལ་ཐེངས་དྲུག་བརྒྱ་དང་རེ་བརྒྱད་སྤེལ་བ་དང་། ཁུའུ་ཨར་ཏི་དྲག་ཆས་པས་ཐུར་ཁེའི་གྱེན་འཕུར་གནམ་གྲུ་གཉིས་དང་མི་བསྡད་མེད་པའི་གནམ་གྲུ་གཉིས་སར་འཕངས་པ་དང་། འཁྲབ་ལྡན་འཁོར་ལོ་ང་གཅིག་གཏོར། ཐུར་ཁེའི་དམག་མི་བཅུ་གཅིག་བསད་ཡོད་ཟེར། ཁུའུ་ཨར་ཏི་ཡིས་མགོ་ཁྲིད་པའི་དྲག་ཆས་རྩ་འཛུགས་ཀྱིས་ཐུར་ཁེ་དང་འཐབ་འཁྲུག་བྱེད་སྐབས་མི་གོ་བརྒྱད་རྐྱེན་ལམ་དུ་ཤོར་ཡོད་པ་རེད།   །

 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།