ཀྲུང་གོ་བོད་ཀྱི་དྲ་བ།

འབར་མའི་མི་རིགས་ས་གནས་དྲག་ཆས་རྩ་འཛུགས་གཉིས་ཀྱིས་རྒྱལ་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འབར་མའི་མི་རིགས་ས་གནས་དྲག་ཆས་རྩ་འཛུགས་བྷང་ག་ལཱ་གསར་བའི་ཏང་དང་ལཱ་ཀུའུ་དམངས་གཙོ་མནའ་འབྲེལ་གྱིས་ཚེས་བཅུ་གསུམ་ཉིན་འབར་མའི་རྒྱལ་ས་ནེ་པུས་ཏུའུ་ནས་རྒྱལ་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད། དེ་བས་འབར་མའི་རྒྱལ་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད་པའི་མི་རིགས་ས་གནས་དྲག་ཆས་པ་བརྒྱད་ནས་བཅུ་རུ་འཕར་སྣོན་བྱུང་ཡོད།

མིང་འགོད་པའི་མཛད་སྒོ་དེ་ཚེས་བཅུ་གསུམ་ཉིན་གྱི་ཕྱི་དྲོར་ནེ་པུས་ཏུའུ་ཡི་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་གཉིས་པ་ནས་བསྡུས། འབར་མ་སྲིད་གཞུང་དང་དམག་ཕྱོགས་ཀྱི་མགོ་ཁྲིད་པ། མི་རིགས་ས་གནས་དྲག་ཆས་པ་གཉིས་ཀྱི་འཐུས་མི་བཅས་ཀྱིས་རྒྱལ་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བཀོད། མཉམ་འབྲེལ་རྒྱལ་ཚོགས་དང་ཀྲུང་གོ། ཡོ་རོབ་གླིང་མནའ་འབྲེལ། འཇར་པན། ཐེ་གོ། རྒྱ་གར་སོགས་རྒྱལ་ཁབ་དང་རྩ་འཛུགས་ཀྱི་འཐུས་མི་དག་གིས་རྒྱལ་སྤྱིའི་དཔང་མིའི་ཚུལ་དུ་གྲོས་མཐུན་སྟེང་མིང་བཀོད།

འབར་མའི་རྒྱལ་སྲིད་བློན་ཆེན་ཨང་ཧྲན་སུའུ་ཅི་ཡིས་ཉིན་དེར་མི་རིགས་འགྲིག་མཐུན་དང་ཞི་བདེ་ལྟེ་གནས་ཀྱི་ཀྲུའུ་ཞིའི་ཐོབ་ཐང་བཟུང་ནས་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། བྷང་ག་ལཱ་གསར་བའི་ཏང་དང་ལཱ་ཀུའུ་དམངས་གཙོ་མནའ་འབྲེལ་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་གཟེངས་བསྟོད་བྱས་པར་མ་ཟད། སེམས་གཏིང་ནས་གུས་འདུད་ཞུས། མོས་བསྟན་དོན། རྒྱལ་ཡོངས་ཀྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དེ་ནི་ཞི་བདེའི་འཕེལ་རིམ་ཁྲོད་མཐའ་གནས་མིན་པར་ཆབ་སྲིད་གྲོས་མོལ་དང་དྲག་ཆས་འཇིགས་ཉེན་སེལ་བའི་མགོ་རྩོམ་ས་ཡིན་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།