ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱི་གནས་སྐོར་པུའུ་ཀྲང་རིམ་པའི་གྲོས་ཚོགས་ནས་ཀྲུང་གོ་དང་ཡོ་རོབ་གླིང་གི་གནས་སྐོར་མཉམ་ལས་རྒྱ་བསྐྱེད་རྒྱུའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-02-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་གྱི་གནས་སྐོར་པུའུ་ཀྲང་རིམ་པའི་གྲོས་ཚོགས་ནས་ཚེས་བཅུ་གསུམ་ཉིན་པུར་ཀ་རི་ཡཱའི་རྒྱལ་ས་སོ་ཧྥེ་ཡཱ་ནས་ཉིས་སྟོང་བཅོ་བརྒྱད་ལོའི་ཀྲུང་གོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་གནས་སྐོར་ལོ་ཞེས་པའི་བྱ་འགུལ་བཟང་བོར་བསྒྲུབས་ཏེ་ཀྲུང་གོ་དང་ཡོ་རོབ་གླིང་གི་གནས་སྐོར་མཉམ་ལས་རྒྱ་བསྐྱེད་དགོས་པའི་འབོད་སྐུལ་བཏང་།

གྲོས་ཚོགས་དེ་ཉིན་དེར་སོ་ཧྥེ་ཡཱའི་རྒྱལ་ཁབ་རིག་གནས་ཕོ་བྲང་དུ་སྤེལ་བ་དང་། བརྗོད་སྙིང་ནི་གནས་སྐོར་དང་དཔལ་འབྱོར་འཕར་སྣོན་ཞེས་པ་དེ་ཡིན། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སུམ་ཅུ་དང་པཱ་ཨར་ཀན་རྒྱལ་ཁབ་ཀྱི་གནས་སྐོར་པུའུ་ཀྲང་དང་པུའུ་ཀྲང་གི་འཐུས་མི་གྲོས་ཚོགས་ལ་ཞུགས། པུར་ཀ་རི་ཡཱ་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཀྲང་ཧེ་ཀྲིག་གདན་ཞུས་ལྟར་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་བྱས།

ཡོ་རོབ་གླིང་མནའ་འབྲེལ་གྱི་ནང་ཁུལ་ཚོང་རའི་ལས་དོན་གྱི་འགན་ཁུར་བའི་ཆེད་དོན་པ་པེན་ཁི་ཧྥུའུ་སི་ཁཱ་ཡིས་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཀྲུང་གོ་དང་ཡོ་རོབ་གླིང་གི་གནས་སྐོར་ལོའི་བྱ་འགུལ་སྤེལ་བ་ནི་སྔར་ལས་མང་བའི་ཡོ་རོབ་གླིང་གི་གནས་སྐོར་བ་དང་ཀྲུང་གོའི་གནས་སྐོར་བས་ཕན་ཚུན་ལ་འཚམས་འདྲི་བྱེད་པ་དང་། ཕན་ཚུན་གྱི་རིག་གནས་དང་སྲོལ་རྒྱུན་ངོས་ཟིན་པ་དང་ཡིད་སྨོན་སྐྱེས་ནས། རང་རང་གི་གནས་སྐོར་ཚོང་རའི་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བར་སྐུལ་བའི་ཆེད་ཡིན་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།