ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་ཡིས་སི་རི་ཡཱའི་མངའ་ཁོངས་ནས་ཡུལ་གྱར་བའི་སྒར་ས་འཛུགས་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཨ་ཁི་སོ་དབྱེ་ཡིས་ཚེས་དྲུག་ཉིན་བསྟན་དོན། ཐུར་ཁེ་ཡིས་སི་རི་ཡཱའི་བྱང་ཕྱོགས་ཀྱི་ཨ་ཧྥུའུ་ལིན་ཉེ་འཁོར་ས་ཁུལ་ནས་ཡུལ་གྱར་བའི་སྒར་ས་དགུ་འཛུགས་རྒྱུ་ཡིན་པ་དང་། ཡུལ་གྱར་བ་དག་གིས་མི་འབུམ་གཅིག་དང་ཁྲི་བདུན་དང་ལེན་བྱེད་ཐུབ་ཟེར། 

ཨ་ཁི་སོ་དབྱེ་ཡིས་བསྟན་དོན། ཡུལ་གྱར་བའི་སྒར་ས་འཛུགས་པ་ནི་འབྱུང་སྲིད་པའི་ཨ་ཧྥུའུ་ལིན་གྱི་ཡུལ་གྱར་བའི་གནད་དོན་ཐག་གཅོད་བྱེད་པའི་ཆེད་དུ་ཡིན་ཟེར། ད་ལོའི་ཟླ་དང་པོར་ཐུར་ཁེ་དང་དེས་རྒྱབ་སྐྱོར་བྱེད་པའི་སི་རི་ཡཱའི་རང་དབང་དམག་དཔུང་གིས་ཨ་ཧྥུའུ་ལིན་ས་ཁུལ་གྱི་ཁུའུ་ཨར་ཏི་དྲག་ཆས་པར་དམིགས་པའི་དམག་དོན་འགུལ་སྐྱོད་སྤེལ་བ་རེད། མིག་སྔར་ཐུར་ཁེ་ཕྱོགས་ཀྱིས་ཉུང་མཐར་ཡང་ཨ་ཧྥུའུ་ལིན་དུ་གཏོགས་པའི་གྲོང་རྡལ་གསུམ་བདག་བཟུང་བྱས་ཡོད་པ་དང་། ས་ངོས་ཀྱི་འཐབ་འཁྲུག་དེ་རིམ་བཞིན་ཨ་ཧྥུའུ་ལིན་གྲོང་ཁུལ་དུ་ཇེ་ཉེར་འགྲོ་བཞིན་ཡོད། ཐུར་ཁེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཨ་ཧྥུའུ་ལིན་ས་ཁུལ་གྱི་མི་གྲངས་ཁྲི་ལྔ་ལས་བརྒལ་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།