ཀྲུང་གོ་བོད་ཀྱི་དྲ་བ།

ཝེ་ནེ་ཙུའེ་ལཱ་ཡིས་ཨ་མེ་རི་ཁས་རང་གིས་ནང་སྲིད་ལ་ཐེ་གཏོགས་བྱས་པར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝེ་ནེ་ཙུའེ་ལཱའི་རྩ་ཁྲིམས་གཏན་འབེབས་ཚོགས་ཆེན་ནས་ཚེས་དྲུག་ཉིན་གྲོས་ཆོད་བཀོད་དེ། ཨ་མེ་རི་ཁའི་སྲིད་གཞུང་གིས་ཉེ་སྔོན་ཡང་བསྐྱར་ཝེ་ནེ་ཙུའེ་ལཱ་དང་འབྲེལ་བའི་སྲིད་འཛིན་བཀའ་རྒྱའི་ཡུན་ཚད་ཇེ་རིང་དུ་བཏང་བར་རྒོལ་གཏམ་བཏང་བ་དང་། ཨ་མེ་རི་ཁའི་བྱ་སྤྱོད་དེ་ནི་སྔར་ལས་ལྷག་པའི་སྒོ་ནས་ཝེ་ནེ་ཙུའེ་ལཱའི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་ཅིག་རེད་ཟེར།

ཉིས་སྟོང་བཅོ་ལྔ་ལོའི་ཟླ་གསུམ་པར། སྐབས་དེའི་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་སྲིད་འཛིན་བཀའ་རྒྱ་བཏང་སྟེ། ཝེ་ནེ་ཙུའེ་ལཱ་ཡིས་ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་དང་ཕྱི་ཕྱོགས་སྲིད་ཇུས་ཐད་དམིགས་བསལ་དང་རྒྱུན་ལྡན་མིན་པའི་འཇིགས་ཉེན་ཐེབས་པར་བཤད་དེ་ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་ལ་དོགས་ཟོན་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཝེ་ནེ་ཙུའེ་ལཱའི་རྩ་ཁྲིམས་གཏན་འབེབས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལོ་ཏི་ལི་ཀི་སི་ཡིས་གྲོས་ཆོད་ལ་གྲོས་འཆམ་བྱུང་རྗེས་བཤད་རྒྱུར། ཨ་མེ་རི་ཁས་སྲིད་འཛིན་བཀའ་རྒྱ་དེ་ཡང་བསྐྱར་ལོ་གཅིག་གིས་ཇེ་རིང་དུ་བཏང་བ་ནི་སྔར་ལས་ལྷག་པའི་སྒོ་ནས་ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་ལ་དཔལ་འབྱོར་དང་དངུལ་ལོར་ལ་སྔར་ལས་བཀག་སྡོམ་བྱེད་པའི་ཆེད་ཡིན། ཝེ་ནེ་ཙུའེ་ལཱ་ནི་བདག་དབང་གི་རྒྱལ་ཁབ་ཅིག་ཡིན་ཞིང་། ཨ་མེ་རི་ཁའི་སྲིད་འཛིན་བཀའ་རྒྱ་དང་ཕྱོགས་གཅིག་གི་བཀག་སྡོམ་བྱེད་ཐབས་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་འགལ་ཡོད། དེའི་དམིགས་ཡུལ་ནི་ཝེ་ནེ་ཙུའེ་ལཱའི་དཔལ་འབྱོར་ལ་ཕམ་ཉེས་བཟོ་བ་དང་ཝེ་ནེ་ཙུའེ་ལཱར་ཐད་ཀར་ཐེ་གཏོགས་བྱེད་པའི་ཆེད་དུ་རེད་ཟེར།

ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་ཡང་བསྐྱར་སྲིད་འཛིན་བཀའ་རྒྱའི་ཡུན་ཚད་ཇེ་རིང་དུ་བཏང་བ་ནི་སྔར་ལས་ལྷག་པའི་སྒོ་ནས་ཝེ་ནེ་ཙུའེ་ལཱའི་དཔལ་འབྱོར་དང་ཆབ་སྲིད་ལ་གནོན་ཤུགས་བྱིན་ནས། ཟླ་ལྔ་བའི་ཚེས་ཉི་ཤུའི་ཉིན་གྱི་ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དེ་རྒྱུན་ལྡན་ངང་སྤེལ་བར་བར་ཆད་བཟོ་བའི་ཆེད་དུ་རེད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།