ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་རྣོ་ལྕགས་དང་ཧ་ཡང་ཐོན་རྫས་ནང་འདྲེན་བྱེད་པར་སྒོ་ཁྲལ་མཐོན་པོ་བསྡུ་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

144d0d4e3a167af5fc37c06ff07a6311.jpg

ཟླ3པའི་ཚེས8ཉིན། ཨ་མེ་རི་ཁའི་ཝ་ཧྲིན་ཐོན་གྱི་ཕོ་བྲང་དཀར་པོ་ནས། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་མིང་བཀོད་པའི་སྤྱི་སྒྲོག་སྟོན་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་བརྒྱད་ཉིན་སྤྱི་སྒྲོག་སྤེལ་ཏེ། རྣོ་ལྕགས་དང་ཧ་ཡང་ཐོན་རྫས་ནང་འདྲེན་བྱེད་པར་སྒོ་ཁྲལ་མཐོན་པོ་བསྡུ་རྒྱུ་ཡིན་ཟེར། ཨ་མེ་རི་ཁའི་ཉོ་ཚོང་སྲུང་སྐྱོབ་བྱེད་ཐབས་གསར་བ་དེར་ཨ་མེ་རི་ཁ་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་ཆེར་ངོ་རྒོལ་བྱེད་བཞིན་ཡོད།

ཐི་ལིང་ཕུའུ་ཡིས་ཉིན་དེར་ཕོ་བྲང་དཀར་པོ་ནས་ཁྱབ་སྒྲོག་བྱས་དོན། ཨ་མེ་རི་ཁས་ནང་འདྲེན་བྱེད་པའི་རྣོ་ལྕགས་ལ་བརྒྱ་ཆའི་ཉེར་ལྔའི་སྒོ་ཁྲལ་བསྡུ་རྒྱུ་ཡིན་པ་དང་། ནང་འདྲེན་བྱེད་པའི་ཧ་ཡང་ཐོན་རྫས་ལ་བརྒྱ་ཆའི་བཅུའི་སྒོ་ཁྲལ་བསྡུ་རྒྱུ་ཡིན་ཟེར། སྒོ་ཁྲལ་བྱེད་ཐབས་དེ་ཉིན་བཅོ་ལྔའི་རྗེས་སུ་ནུས་ལྡན་དུ་འགྱུར་ངེས་རེད།

དེ་ལས་གཞན་མིག་སྔར་ཨ་མེ་རི་ཁ་དང་ཁཱ་ནཱ་ཏཱ། མའོ་ཞི་ཁོ་བཅས་རྒྱལ་ཁབ་གསུམ་གྱིས་མེ་གླིང་བྱང་མའི་རང་དབང་ཉོ་ཚོང་གྲོས་ཆོད་ལ་ཡང་བསྐྱར་གྲོས་མོལ་བྱེད་བཞིན་ཡོད་པར་དམིགས་ནས། ཐི་ལིང་ཕུའུ་ཡིས་ཁཱ་ནཱ་ཏཱ་དང་མའོ་ཞི་ཁོ་རྒྱལ་ཁབ་གཉིས་ལ་གནས་སྐབས་སུ་འབྲེལ་ཡོད་ཀྱི་སྒོ་ཁྲལ་མེད་པར་གཏོང་རྒྱུའི་ཚུལ་བསྟན། དེའི་ཞོར་དུ་དཔལ་འབྱོར་ཚོགས་ཁག་གཞན་པར་ཡང་འབྲེལ་ཡོད་སྒོ་ཁྲལ་མེད་པར་གཏོང་བའི་གོ་སྐབས་ཡོད་ལ། ཨ་མེ་རི་ཁའི་ཉོ་ཚོང་འཐུས་མིས་བྱེ་བྲག་གི་གྲོས་མོལ་ལ་འགན་ཁུར་རྒྱུ་རེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།