ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་གྱིས་དབྱི་རག་བར་མཉམ་ལས་བྱས་ཏེ་ཁུའུ་ཨར་ཏི་བཟོ་བའི་ཏང་ལ་ཆམ་ཕབ་གཏོང་རྒྱུ་ཡིན་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཕྱི་འབྲེལ་བློན་ཆེན་ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ཚེས་བརྒྱད་ཉིན་བཤད་རྒྱུར། ཐུར་ཁེ་ཡིས་དབྱི་རག་བར་མཉམ་འབྲེལ་དམག་དོན་འགུལ་སྐྱོད་སྤེལ་ཏེ། དབྱི་རག་བྱང་ཕྱོགས་ཀྱི་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་པར་ཆམ་ཕབ་གཏོང་རྒྱུ་ཡིན་ཟེར།

ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་བཤད་རྒྱུར། ཐུར་ཁེ་ཡིས་དབྱི་རག་ཀྲུང་དབྱང་སྲིད་གཞུང་བར་མཉམ་ལས་བྱས་ཏེ་ཁུའུ་ཨར་ཏི་བཟོ་བའི་ཏང་ལ་ཆམ་ཕབ་གཏོང་བར་ཐུན་མོང་གི་ལྟ་ཚུལ་བྱུང་བ་དང་། རྒྱལ་ཁོངས་བརྒལ་ནས་དམག་དོན་འགུལ་སྐྱོད་སྤེལ་བ་དེ་ཟླ་ལྔ་བའི་ནང་དབྱི་རག་གི་གྲོས་ཁང་འདེམ་བསྐོའི་རྗེས་སུ་མགོ་རྩོམ་ངེས་ཡིན་ཟེར།

ཆཱ་ཝུའུ་ཧྲི་ཨོ་ལུའུ་ཡིས་ད་རུང་བཤད་རྒྱུར། ཐུར་ཁེ་དམག་ཕྱོགས་ཀྱིས་མིག་སྔར་སི་རི་ཡཱའི་ཨ་ཧྥུའུ་ལིན་ས་ཁུལ་ནས་སྤེལ་བའི་དམག་དོན་འགུལ་སྐྱོད་དེ་ཟླ་ལྔ་བར་མཇུག་སྒྲིལ་བའི་རེ་བ་ཡོད་པ་དང་། ཐུར་ཁེ་ལ་དུས་མཉམ་དུ་དམག་དོན་འགུལ་སྐྱོད་གཉིས་སྤེལ་བའི་ནུས་པའང་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།