ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་ཟླ་ལྔ་བའི་སྔོན་ལ་ཅིན་ཀྲིན་ཨིན་དང་གྲོས་མོལ་བྱེད་པར་འཐད་པ་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་དང་གྲོས་མོལ་བྱེད་པར་ཡིད་འཐད་བྱུང་བའི་ཐད་ནས། ཧན་གོའི་གཅིག་གྱུར་པུའུ་ཡི་མགྲིན་ཚབ་པ་གཞོན་པ་ལིས་ཡུས་ཀྲིན་གྱིས་ཚེས་དགུ་ཉིན་གྱི་སྔ་དྲོར་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཉེ་སྔོན་ཁྲའོ་ཞན་ཕྱེད་གླིང་གི་ལས་དོན་ཡོད་ཚད་ཞི་བདེའི་ཕྱོགས་སུ་འཕེལ་རྒྱས་འབྱུང་བཞིན་ཡོད། ཧན་གོའི་ཕྱོགས་ཀྱིས་དོན་དེ་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བར་ཡར་སྐུལ་གཏོང་བ་དང་། ཁྲའོ་ཞན་ཕྱེད་གླིང་གི་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པའི་གོ་སྐབས་གལ་ཆེན་ཞིག་ཏུ་འགྱུར་བར་རེ་སྒུག་བྱས་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།