ཀྲུང་གོ་བོད་ཀྱི་དྲ་བ།

ཨ་སེ་པེད་ཅང་གིས་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་སེ་པེད་ཅང་རྒྱལ་སྲུང་པུའུ་ཡིས་ཚེས་དགུའི་ཉིན་ཁྱབ་སྒྲོག་བྱས་དོན། ཟླ་འདིའི་ཚེས་བཅུ་གཉིས་ཉིན་ནས་ཚེས་བཅུ་བདུན་ཉིན་བར་རང་གི་མངའ་ཁོངས་ནས་གཞི་རྒྱ་ཆེ་བའི་དམག་དོན་སྦྱོང་བརྡར་སྤེལ་རྒྱུ་ཡིན་ཟེར།

ཨ་ཧྥུའུ་ཧན་རྒྱལ་སྲུང་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། དམག་མི་ཁྲི་གཉིས་དང་སྟོང་ལྔ་དང་ཐན་ཁི་འཁོར་ལོ་ཉིས་བརྒྱ་དང་ལྔ་བཅུ། འཕུར་མདའ་དང་མེ་ཤུགས་འཕུར་མདའི་མ་ལག་སྟོང་གཅིག་ལྷག གནམ་གྲུ་ལྔ་བཅུ་ལྷག་བཅས་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཞུགས་རྒྱུ་ཡིན་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། དམག་དོན་སྦྱོང་བརྡར་གྱི་ནང་དོན་ལ་དགྲ་བོའི་མེ་ཤུགས་གནོན་པ་དང་གཡུལ་སའི་འགོག་སྲུང་། གཡུལ་སའི་ཕྱིར་རྒོལ། མདེལ་དངོས་ཀྱི་སྦྱོང་བརྡར་སྐབས་སུ་མཚོན་ཆའི་མ་ལག་གསར་བ་སྣ་ཚོགས་ཚོད་ལྟ་བྱེད་རྒྱུ་ཡིན་ཟེར། དམག་དོན་སྦྱོང་བརྡར་དེའི་དམིགས་ཡུལ་ནི་དམག་དཔུང་སོ་སོས་རྙོག་འཛིང་གི་འཐབ་འཁྲུག་ཁོར་ཡུག་འོག་རོགས་ལས་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་བའི་ཆེད་དུ་རེད།

ཨ་སེ་པེད་ཅང་རྒྱལ་སྲུང་པུའུ་ཡིས་ཐེངས་འདིའི་དམག་དོན་སྦྱོང་བརྡར་སྤེལ་བའི་བྱེ་བྲག་གི་ས་གནས་གསལ་བོར་བཤད་མེད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།