ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་དམག་ཕྱོགས་ཀྱིས་དྲག་ཆས་ཉེས་ཅན་ཉེར་གཉིས་བསད་པ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གསར་འགྱུར་ལས་རིགས་ཀྱིས་ཚེས་བཅུ་གཅིག་ཉིན་བསྒྲགས་པ་ལྟར་ན། ཨ་ཧྥུའུ་ཧན་དམག་ཕྱོགས་ཀྱིས་ཚེས་བཅུའི་ཉིན་ཤར་ཕྱོགས་དང་ལྷོ་ཕྱོགས་ཀྱི་ཞིང་ཆེན་གསུམ་ནས་སྤེལ་བའི་དམག་དོན་འགུལ་སྐྱོད་ཁྲོད་དྲག་ཆས་ཉེས་ཅན་ཉེར་གཉིས་བསད་ཡོད་ཟེར།

ཨ་ཧྥུའུ་ཧན་དམག་ཕྱོགས་ཀྱི་ས་ངོས་དམག་དཔུང་དང་བར་སྣང་དམག་དཔུང་གིས་ཚེས་བཅུའི་ཉིན་སོ་སོར་ཤར་ཕྱོགས་ཀྱི་ལཱ་ཀི་མན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་མུས་ཐི་ལཱ་མུའུ་དང་ཤར་ཕྱོགས་ཀྱི་ནན་ཀི་ཧཱ་ཨར་ཞིང་ཆེན། དེ་མིན་ལྷོ་ཕྱོགས་ཀྱི་ཧི་ཨར་མན་ཏི་ཞིང་ཆེན་བཅས་ཀྱི་དྲག་ཆས་ཉེས་ཅན་སྦས་སྐོང་བྱེད་སར་ཆམ་ཕབ་བཏང་སྟེ། མི་ཉེར་གཉིས་བསད་པ་དང་། མི་བཞི་ལ་རྨས་ཕོག མི་གཅིག་འཛིན་བཟུང་བྱས་ཡོད་ཟེར།

བསྒྲགས་པ་ལྟར་ན། དམག་ཕྱོགས་ཀྱིས་འགུལ་སྐྱོད་སྤེལ་སྐབས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་དྲུག་བསད་པ་དང་། དྲག་ཆས་ཉེས་ཅན་གྱི་རླངས་འཁོར་དང་མཚོན་ཆ། འགད་རྫས་སོགས་འགས་གཏོར་བཏང་བར་བཤད་ཀྱང་། དམག་ཕྱོགས་ཀྱི་མི་སྣར་ཤི་རྨས་ཐེབས་ཡོད་མིན་གསལ་བོར་བསྒྲགས་མེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།