ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་འགྲུལ་སྐྱེལ་གནམ་གྲུ་ཆུང་བ་ཞིག་དབྱི་ལིང་ལྷོ་ནུབ་ཕྱོགས་ནས་སར་ལྷུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་དམག་སྤྱོད་མཁའ་འགྲུལ་རྩ་འཛུགས་ཀྱིས་ཚེས་བཅུ་གཅིག་ཉིན་བསྒྲགས་པ་ལྟར་ན། ཐུར་ཁེའི་འགྲུལ་སྐྱེལ་གནམ་གྲུ་ཆུང་བ་ཞིག་ཉིན་དེར་དབྱི་ལིང་ལྷོ་ནུབ་ཕྱོགས་ཀྱི་ཆཱ་ཧཱ་ཨར་མཱ་ཧཱ་ལེ་པཱ་ཧི་ཏིས་ཡཱ་ལི་ཞིང་ཆེན་ནས་སར་ལྷུང་བ་དང་། གནམ་གྲུའི་སྟེང་གི་མི་བཅུ་གཅིག་ཤི་གསོན་གསལ་བོར་མི་ཤེས་ཟེར།

དབྱི་ལིང་དམངས་སྤྱོད་མཁའ་འགྲུལ་རྩ་འཛུགས་ཀྱིས་བསྟན་དོན། གནམ་གྲུ་དེ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཧྲ་ཅཱ་ནས་ཐུར་ཁེའི་དབྱི་སི་ཐན་པོར་དུ་འཕུར་རྩིས་ཡོད་པ་དང་། གནམ་གྲུའི་སྟེང་དུ་འགྲུལ་བ་བརྒྱད་དང་གནམ་གྲུའི་སྟེང་གི་ལས་བྱེད་མི་སྣ་གསུམ་ཡོད། གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། གནམ་གྲུ་དེ་བར་སྣང་ནས་མེར་འབར་བ་དང་། དེའི་རྗེས་སུ་རི་བོར་ཐོ་བརྒྱབ་ནས་སར་ལྷུང་བ་རེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།