ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་སྲིད་གཞུང་གིས་དམག་དོན་བཟོ་ལས་ཁེ་ལས་ཀྱི་སྒེར་གཉེར་ཅན་གྱི་བྱེད་ཐབས་གསར་བ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་ནོར་སྲིད་པུའུ་ཡིས་ཚེས་བཅུ་གཅིག་ཉིན་བསྟན་དོན། རྒྱལ་ཁབ་དེའི་མིང་དུ་གྲགས་པའི་དམག་དོན་བཟོ་ལས་ཁེ་ལས་ཨེ་ཨར་པུས་ཐི་མ་ལག་ཀུང་ཟི་ཡིས་མེ་སྒོར་དུང་ཕྱུར་ལྔ་དང་བྱེ་བ་གཉིས་ས་ཡ་གཉིས་ཀྱི་རིན་གོང་གིས་རྒྱལ་དབང་ཁེ་ལས་དབྱི་སི་རལ་དམག་དོན་བཟོ་ལས་ཀུང་ཟི་ཉོ་བསྡུ་བྱེད་རྒྱུ་རེད་ཟེར།

དབྱི་སི་རལ་གྱི་ནོར་སྲིད་པུའུ་ཡིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ནང་བསྟན་དོན། དབྱི་སི་རལ་སྲིད་གཞུང་གིས་ཉོ་བསྡུའི་བྱེ་བྲག་གི་ལས་རིམ་ཡོངས་འགྲུབ་བྱས་ཡོད། གལ་ཏེ་དབྱི་སི་རལ་དམག་དོན་བཟོ་ལས་ཀུང་ཟིས་ད་ལོའི་ཕྱི་རྒྱལ་གྱི་བྱེད་སྒོའི་དམིགས་འབེན་མངོན་འགྱུར་བྱས་ན། ཨེ་ཨར་པུས་ཐི་མ་ལག་ཀུང་ཟི་ཡིས་དེ་ལ་མེ་སྒོར་བྱེ་བ་གཉིས་དང་ས་ཡ་དགུ་འདོན་སྤྲོད་བྱེད་རྒྱུ་རེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།