ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཙེ་ཨོ་ཕི་ཡཱའི་ཡུལ་གྱར་བ་སྟོང་ལྔ་ཙམ་ཁུན་ནེ་ཡཱ་རུ་བྲོས་བྱོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁུན་ནེ་ཡཱའི་རྒྱ་གྲམ་དམར་པོ་ཚོགས་པས་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཚེས་བཅུ་གསུམ་ཉིན་བར་ཨེ་ཙེ་ཨོ་ཕི་ཡཱའི་ཡུལ་གྱར་བ་སྟོང་ལྔ་ཙམ་རྒྱལ་མཚམས་བརྒལ་ནས་ཁུན་ནེ་ཡཱ་རུ་སོང་སྟེ་འགེབས་སྲུང་ཐོབ་པར་བརྩོན་ལེན་བྱས་པ་དང་། མ་འོངས་པར་ཡུལ་གྱར་བའི་ཁ་གྲངས་མུ་མཐུད་དུ་ཇེ་མང་དུ་འགྲོ་སྲིད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ཨེ་ཙེ་ཨོ་ཕི་ཡཱའི་ཡུལ་གྱར་བ་དེ་དག་གཙོ་བོ་བུད་མེད་དང་བྱིས་པ་ཡིན་ལ། མིག་སྔར་གཙོ་བོ་ཁུན་ནེ་ཡཱའི་བྱང་ཕྱོགས་ཀྱི་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་དང་ཉེ་བའི་མཱ་སཱ་པུས་ཐི་རྫོང་མའོ་ཡཱ་ལའེ་གྲོང་རྡལ་དང་སོ་ལོ་ལོ་ས་ཁུལ་དུ་བསྡད་ཡོད།

གསལ་སྒྲོག་ལས་བཤད་རྒྱུར། ཁུན་ནེ་ཡཱའི་རྒྱ་གྲམ་དམར་པོ་ཚོགས་པས་ཡུལ་གྱར་བའི་འཚོ་སྡོད་གནས་ཚུལ་ལ་དཔྱད་འཇོག་བྱས་པ་དང་། ཡུལ་གྱར་བར་ཆེས་གཞི་རྩའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་བཞིན་ཡོད། མིག་སྔར་ཆར་ཆུ་མོད་པའི་དུས་ཚིགས་སུ་འཁེལ་ཡོད་པས། ཁུན་ནེ་ཡཱའི་རྒྱ་གྲམ་དམར་པོ་ཚོགས་པས་ཆུ་དང་ཁོར་ཡུག་གི་གཙང་སྦྲ་དང་བདེ་ཐང་སོགས་ཐག་གཅོད་བྱེད་པའི་འགྲན་རྩོད་ཛ་དྲག་ཐག་གིས་གཅོད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།