ཀྲུང་གོ་བོད་ཀྱི་དྲ་བ།

ཕེ་རུའི་རྒྱལ་ཚོགས་ཀྱིས་ཡང་བསྐྱར་ཙུང་ཐུང་གི་ཉེས་དམིགས་ཐེར་འདོན་བྱེད་པའི་ལས་རིམ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕེ་རུའི་རྒྱལ་ཚོགས་ཀྱིས་ཚེས་བཅོ་ལྔ་ཉིན་འདེམ་ཤོག་གྱ་བདུན་ཡིད་འཐད་བྱུང་བ་དང་། འདེམ་ཤོག་བཅོ་ལྔས་ངོ་རྒོལ་བྱེད་པའི་མཇུག་འབྲས་ཀྱིས་ངོ་རྒོལ་ཏང་གི་གྲོས་མིས་བཏོན་པའི་གྲོས་གཞི་དང་ལེན་བྱས་ཏེ། ཡང་བསྐྱར་ད་ལྟའི་ཙུང་ཐུང་ཁུའུ་ཆིན་སི་ཅིའི་ཉེས་དམིགས་ཐེར་འདོན་བྱེད་པའི་ལས་རིམ་མགོ་བརྩམས།

གྲོས་རིམ་ལྟར་ན། རྒྱལ་ཚོགས་ཀྱིས་ཚེས་ཉེར་གཉིས་ཉིན་ཙུང་ཐུང་གི་ཉེས་དམིགས་ཐེར་འདོན་བྱེད་པའི་གྱོད་དོན་ལ་དཔྱད་གླེང་དང་མཇུག་མཐར་འདེམ་ཤོག་ཕངས་ཏེ་བརྡས་ཐག་གཅོད་རྒྱུ་རེད། ཙུང་ཐུང་གི་ཉེས་དམིགས་ཐེར་འདོན་བྱེད་པར་ཉུང་མཐར་ཡང་རྒྱལ་ཚོགས་ཀྱི་གྲོས་མི་གྱ་བདུན་གྱི་རྒྱབ་སྐྱོར་ཐོབ་དགོས་པ་རེད། དེ་ནི་ཁུའུ་ཆིན་སི་ཅི་ཡིས་ཉིས་སྟོང་བཅུ་དྲུག་ལོར་ཙུང་ཐུང་གི་འགན་ཁུར་བའི་ཚུན་ལ། ཐེངས་གཉིས་པར་རུལ་སུངས་དབང་གིས་ཐེར་འདོན་ཐེབས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།