ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཏུང་ཀུའུ་ཐཱའི་གནད་ས་ཕྱིར་འཕྲོག་ལེན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཚེས་བཅོ་ལྔ་ཉིན་རྒྱལ་ས་ཏཱ་མཱ་ཧྲི་ཀིའི་ཤར་མཐའི་ཏུང་ཀུའུ་ཐཱ་ས་ཁུལ་གྱི་གནད་ས་ཞིག་ཕྱིར་འཕྲོག་ལེན་བྱས་པ་དང་། ས་དེའི་མི་སེར་དཀྱུས་མ་སྟོང་ཕྲག་འགའ་ཕྱིར་འཐེན་བྱས། དེ་ནི་ཟླ་གཉིས་པའི་ཟླ་གཉིས་པའི་ཟླ་མཇུག་ལ་ཏུང་ཀུའུ་ཐཱ་ས་ཁུལ་གྱིས་མི་སེར་དཀྱུས་མ་ཕྱིར་འཐེན་བྱེད་པར་མི་ཆོས་རིང་ལུགས་ཀྱི་རྒྱུུ་ལམ་བཏོད་པའི་ཚུན་གྱི་གཞི་རྒྱ་ཆེས་ཆེ་བའི་མི་སེར་དཀྱུས་མའི་ཕྱིར་འཐེན་བྱ་འགུལ་ཞིག་རེད།

བསྒྲགས་པ་ལྟར་ན། སི་རི་ཡཱའི་སྲིད་གཞུང་དམག་དཔུང་གིས་ཏུང་ཀུའུ་ཐཱ་དབུས་ཕྱོགས་ཀྱི་ཧཱ་མུའུ་ལེ་ཡཱ་ས་ཁུལ་ནས་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་དྲག་པོ་བྱས་མཐར་ས་ཁུལ་དེ་ཕྱིར་འཕྲོག་ལེན་བྱས། ས་ཁུལ་དེར་ཡོད་པའི་མི་སེར་དཀྱུས་མ་སྟོང་ཕྲག་འགའ་སྲིད་གཞུང་དམག་དཔུང་གིས་བཏོད་པའི་བདེ་འཇགས་རྒྱུ་ལམ་ལས་ཕྱིར་འཐེན་བྱས་པ་དང་། ཏཱ་མཱ་ཧྲི་ཀིའི་བྱང་ཤར་ཕྱོགས་ཀྱི་ཏུའུ་ཝེ་ཨར་གྲོང་རྡལ་གྱི་བཀོད་སྒྲིག་བྱེད་སར་བསྐྱལ་བ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།