ཀྲུང་གོ་བོད་ཀྱི་དྲ་བ།

སི་ལོ་ཝ་ཁིའི་ཙུང་ལི་ཧྥེ་ཙོ་ཡིས་ལས་ཁུར་དགོངས་ཞུ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་ལོ་ཝ་ཁིའི་ཙུང་ལི་ཧྥེ་ཙོ་ཡིས་ཚེས་བཅོ་ལྔ་ཉིན་ཙུང་ཐུང་ཅི་སི་ཁཱ་ལ་ལས་ཁུར་དགོངས་ཞུའི་སྙན་ཞུ་སྤྲད་དེ་ཙུང་ལིའི་ལས་འགན་བསྐྱུར།

སི་ལོ་ཝ་ཁིའི་ཙུང་ལིའི་བཞུགས་ཤག་གིས་ཉིན་དེར་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཧྥེ་ཙོ་ཡིས་མགོ་ཁྲིད་པའི་སྲིད་གཞུང་གིས་ཀྱང་ཉིན་དེར་ལས་ཁུར་དགོངས་ཞུའི་སྙན་ཞུ་སྤྲད། པུའུ་ཀྲང་སོ་སོས་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་རག་བར་མུ་མཐུད་དུ་ལས་འགན་ལག་བསྟར་བྱེད་རྒྱུ་རེད།

ཅི་སི་ཁཱ་ཡིས་ཙུང་ལི་གཞོན་པ་ཕའེ་ལའེ་ཀི་ལི་ནེ་ཡིས་སྲིད་གཞུང་གསར་བ་རྩ་འཛུགས་བྱེད་པའི་ངག་བཅོལ་བྱས་ཡོད་པར་མ་ཟད། ཙུང་ལི་གསར་བ་དེ་སྔར་བཞིན་གྲོས་ཁང་གི་ཏང་ཁག་ཆེན་མོ་དང་པོ་ཁ་ཕྱོགས་ཏང་ལས་བདམས་ཐོན་འབྱུང་བར་ཡིད་འཐད་བྱུང་།

ཕའེ་ལའེ་ཀི་ལི་ནེ་ཡིས་ཉིན་དེའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཁྱབ་སྒྲོག་བྱས་དོན། ཁོ་རང་ཉིད་ཁ་ཕྱོགས་ཏང་གི་ཙུང་ལིའི་འདེམ་སྒུག་མི་སྣ་ཡིན་པ་དང་། ཧྥེ་ཙོ་ཡིས་མུ་མཐུད་དུ་ཁ་ཕྱོགས་ཏང་གི་ཀྲུའུ་ཞིའི་འགན་ཁུར་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།