ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡཱའི་འཁྲུག་རྩོད་མཚམས་འཇོག་པའི་རྐྱེན་སྲོལ་གྱི་འགན་ལེན་རྒྱལ་ཁབ་དག་གི་ཕྱི་འབྲེལ་བློན་ཆེན་གྱིས་ཧཱ་སག་སི་ཐན་ནས་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་སི་ཐཱ་ནཱའི་ཞི་བའི་གྲོས་མོལ་གྱི་སྒྲོམ་གཞིའི་འོག་གི་སི་རི་ཡཱའི་འཁྲུག་རྩོད་མཚམས་འཇོག་པའི་རྐྱེན་སྲོལ་གྱི་འགན་ལེན་རྒྱལ་ཁབ་དག་གི་ཕྱི་འབྲེལ་བློན་ཆེན་གྱིས་ཚེས་བཅུ་དྲུག་ཉིན་ཧཱ་སག་སི་ཐན་གྱི་རྒྱལ་ས་ཨ་སི་ཐཱ་ནཱ་ནས་གྲོས་མོལ་བྱས།

གྲོས་ཚོགས་ལ་ཞུགས་པའི་ཕྱོགས་སོ་སོས་ཐེངས་འདིའི་གྲོས་མོལ་སྐབས་སུ་དེའི་སྔོན་བླངས་པའི་མཉམ་ལས་གྲུབ་འབྲས་ལ་སྤྱི་བསྡོམས་བྱས་པ་དང་། དེང་སྐབས་མདུན་དུ་ལྷགས་པའི་དཀའ་ཁག་དང་ཕྱིན་ཆད་ཀྱི་མཉམ་ལས་ཇུས་གཞིའི་ཐད་ནས་གྲོས་བསྡུར་བྱས། ཧཱ་སག་སི་ཐན་གྱི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏི་ལཱ་ཧི་མན་ནོའུ་ཧྥུའུ་ཡིས་བསྟན་དོན། དེ་ནི་འགན་ལེན་རྒྱལ་ཁབ་ཏུ་གྱུར་བའི་ཨུ་རུ་སི་དང་ཐུར་ཁེ། དབྱི་ལིང་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་གྱིས་ཐོག་དང་པོར་ཨ་སི་ཐཱ་ནཱ་ནས་གྲོས་མོལ་བྱས་པ་ཡིན་། ཐེངས་འདིའི་གྲོས་མོལ་དེ་ཕྱོགས་གསུམ་གྱིས་མ་འོངས་པའི་མཉམ་ལས་ཁ་ཕྱོགས་གསལ་བོ་བྱེད་པར་ཕན་ཐོགས་ཡོད་ཟེར།

ཨ་པུའུ་ཏི་ལཱ་ཧི་མན་ནོའུ་ཧྥུའུ་ཡིས་བསྟན་དོན། དཀའ་ཁག་ཡོད་ཀྱང་། ཨ་སི་ཐཱ་ནཱའི་ཞི་བའི་གྲོས་མོལ་གྱི་འཕེལ་རིམ་ནི་གལ་ཆེ་ཞིང་གྲུབ་འབྲས་ཕུན་སུམ་ཚོགས་པ་བདེན་དཔང་བྱས་ཡོད། གྲོས་མོལ་གྱི་སྟེགས་བུ་དེ་བརྒྱུད་དེ་སི་རི་ཡཱའི་སྲིད་གཞུང་དང་ངོ་རྒོལ་ཕྱོགས་ཁག་གི་དྲག་ཆས་པས་ཡིད་ཆེས་ལ་ཤུགས་སྣོན་བྱེད་པའི་གྲུབ་འབྲས་གལ་ཆེན་བླངས་ཡོད་ཟེར།

ཨ་པུའུ་ཏི་ལཱ་ཧི་མན་ནོའུ་ཧྥུའུ་ཡིས་མཚམས་སྦྱོར་བྱས་དོན། ཨ་སི་ཐཱ་ནཱའི་ཞི་བའི་གྲོས་མོལ་ནས་འཁྲུག་རྩོད་ཞི་འཇགས་སུ་གཏོང་བའི་ས་ཁུལ་བཞི་དང་སི་རི་ཡཱའི་འཁྲུག་རྩོད་མཚམས་འཇོག་པའི་རྐྱེན་སྲོལ་འཛུགས་པ་སོགས་ཀྱི་གྲུབ་འབྲས་བླངས་ཏེ། སྔར་ལས་མང་བའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་པར་ནུས་པ་གལ་ཆེན་བཏོན་ཡོད། ཨ་སི་ཐཱ་ནཱའི་ཞི་བའི་གྲོས་མོལ་ནས་བླངས་པའི་གྲུབ་འབྲས་ཚང་མས་རི་ནེ་ཝའི་ཞི་བའི་གྲོས་མོལ་ལ་ཁ་གསབ་བྱེད་ཐུབ་པར་མ་ཟད། ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་འཁྲུག་རྩོད་ཐག་གཅོད་བྱེད་པར་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ་ཟེར།

ཨ་པུའུ་ཏི་ལཱ་ཧི་མན་ནོའུ་ཧྥུའུ་ཡིས་ནན་གྱིས་བསྟན་དོན། བྱེད་ཐབས་གསར་བ་སྤྱོད་དགོས་པ་དང་། ཨ་སི་ཐཱ་ནཱ་ནས་བཀོད་པའི་གྲོས་མཐུན་དེ་ཤོག་ངོས་གླེང་བ་ཙམ་མ་ཡིན་པར་དེར་ངེས་པར་དུ་ཕན་ནུས་ལྡན་པའི་གྲུབ་འབྲས་ཐོབ་དགོས་ཟེར།

ཨ་པུའུ་ཏི་ལཱ་ཧི་མན་ནོའུ་ཧྥུའུ་ཡིས་ད་རུང་བསྟན་དོན། ཨུ་རུ་སི་དང་ཨ་མེ་རི་ཁས་སི་རི་ཡཱའི་གནད་དོན་ཐག་གཅོད་བྱེད་པའི་ཕན་ནུས་ལྡན་པའི་མཉམ་ལས་དེ་གྲོས་མོལ་ལ་ཞུགས་པའི་ཕྱོགས་ཁག་སོ་སོ་དང་སི་རི་ཡཱའི་མི་དམངས་ཀྱི་ཁེ་ཕན་དང་འཚམ་པས། ཨ་མེ་རི་ཁ་དང་ཨུ་རུ་སི་ཡིས་གནད་དོན་དེའི་ཐད་གྲོས་མོལ་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།